འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་6ཉིན།

༄༅།།ཨར་ལས་བཟོ་སྐྲུན་ཧྲིལ་པོའི་སྒྲུབ་འགན་གཞན་སྤྲོད་བྱེད་ཆོག་གམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་06ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨར་ལས་བཟོ་སྐྲུན་ཧྲིལ་པོའི་སྒྲུབ་འགན་གཞན་སྤྲོད་བྱེད་ཆོག་གམ།
གྱོད་གཞི།
   ཚོགས་པ་ཀ་ཡིས་ལས་གྲྭ་ག་གེ་མོ་དེ་རིམ་པ་དང་པོའི་འོས་ཐོབ་ལྡན་པའི་ཀུང་སི་Bལ་སྒྲུབ་འགན་སྤྲད་པ་དང་འབྲེལ《ཨར་ལས་བཟོ་སྐྲུན་བྱེད་པའི་གན་རྒྱ》ཡང་བཞག་པ་རེད། ཀུང་སི་Bཡིས་འགན་གཙང་བླངས་རྗེས། ཡང་རིམ་པ་གསུམ་པའི་འོས་ཐོབ་ལྡན་པའི་ཀུང་སི་Cདང་སྒྲུབ་འགན་གཞན་སྤྲོད་ཀྱི་གྲོས་མཐུན་བཞག་སྟེ། བཟོ་སྐྲུན་ཧྲིལ་པོའི་སྒྲུབ་འགན་དེ་ཀུང་སི་Cལ་བརྒྱུད་སྤྲོད་བྱས་པ་རེད། ཚོགས་པ་Aཡིས་གནས་ཚུལ་ཤེས་རྗེས། ཀུང་སི་Bཡིས་ཁྲིམས་འགལ་གྱིས་ཨར་ལས་སྒྲུབ་འགན་གཞན་ལ་སྤྲད་པའི་རྐྱེན་གྱིས་གན་རྒྱ་འགྲོལ་དགོས་ཟེར། འོ་ན། ཀུང་སིBཡིས་ཁྲིམས་འགལ་གྱིས་སྒྲུབ་འགན་གཞན་སྤྲོད་བྱས་ཡོད་དམ།
གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད། 
   ཁྲིམས་འགལ་རེད། དམངས་དོན་ཁྲིམས་གཞུང་དོན་ཚན་བདུན་བརྒྱ་དང་དགུ་བཅུ་གོ་གཅིག་པའི་ནང་གཏན་འབེབས་བྱས་དོན། འགན་གཙང་ལེན་བྱེད་མིས་རང་ཉིད་ཀྱིས་འགན་གཙང་ལེན་བྱས་པའི་བཟོ་སྐྲུན་ཧྲིལ་པོ་ཕུང་གསུམ་པར་སྒྲུབ་འགན་བརྒྱུད་སྤྲོད་བྱས་མི་ཆོག་ལ། ཡང་ན་རང་ཉིད་ཀྱིས་འགན་གཙང་ལེན་བྱས་པའི་བཟོ་སྐྲུན་ཧྲིལ་པོ་ཆ་ཤས་སུ་བགོས་རྗེས་སྒྲུབ་འགན་བགོ་སྤྲོད་བྱེད་པའི་མིང་ཐོག་ནས་སོ་སོ་བཞིན་ཕུང་གསུམ་པར་སྒྲུབ་འགན་བརྒྱུད་སྤྲོད་བྱས་མི་ཆོག འགན་གཙང་ལེན་བྱེད་མིས་དེར་འབྲེལ་གྱི་ཐོབ་ཐང་དང་ཆ་རྐྱེན་མི་འཛོམས་པའི་སྡེ་ཚན་ལ་འགན་གཙང་ལེན་བྱས་པའི་ལས་གཞི་ཆ་བགོས་གཙང་སྤྤྲོད་བྱས་མི་ཆོག ཆ་བགོས་གཙང་ལེན་སྡེ་ཚན་གྱིས་རང་ཉིད་ཀྱིས་འགན་གཙང་ལེན་བྱས་པའི་ལས་གཞི་དེ་སླར་ཡང་ཆ་བགོས་གཙང་སྤྲོད་བྱས་མི་ཆོག བཟོ་སྐྲུན་གྱི་གྲུབ་གཞི་གཙོ་བོའི་ཨར་ལས་ནི་ངེས་པར་དུ་འགན་གཙང་ལེན་བྱེད་མི་རང་ཉིད་ཀྱིས་ཡོངས་འགྲུབ་བྱེད་དགོས།