འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་6ཉིན།

༄༅།།ལྕགས་ཟམ་རྫོང་གི་ས་ཡོམ་ཁྲོད་མི་65རྐྱེན་ལམ་དུ་ཤོར།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་06ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཀྱི་ཐོག སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བྱུང་བ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་16ཟིན་ཡོད་པ་རེད། མིག་སྔར། ས་གནས་དེ་གའི་རོགས་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།
     ཚེས་6ཉིན་གྱི་ཆུ་ཚོད་7བར། དཀར་མཛེས་ཁུལ་གྱིས་མི་37རྐྱེན་ལམ་དུ་ཤོར་བ་དང་མི་12འབྲེལ་བ་ཆད་པ། རྨས་མ་170སྨན་བཅོས་བྱེད་བཞིན་པའི་ནང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་56ཡོད་པ་སྙན་ཞུ་བྱས་ཡོད། གཡག་རྔའི་ཧྲི་མེན་རྫོང་དུ་ཁྱོན་མི་28རྐྱེན་ལམ་དུ་ཤོར་བ་དང་། མི་78ལ་རྨས་སྐྱོན་ཕོག རྨས་མ་ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། མིག་སྔའི་བར། ཐེངས་འདིའི་ས་ཡོམ་ཁྲོད་མི་65རྐྱེན་ལམ་དུ་ཤོར་བ་རེད།