འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་6ཉིན།

༄༅།།དཀར་མཛེས་ཁུལ་གྱིས་རྒུད་སྐྱོབ་ཞལ་འདེབས་བསྡུ་བཞིན་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་06ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཐོག་སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བྱུང་བ་རེད། སྤྱི་ཚོགས་གེགས་སེལ་གྱི་ཞལ་འདེབས་འབུལ་བའི་ལས་དོན་ཡག་པོ་སྒྲུབ་ཆེད། དཀར་མཛེས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ།
     མ་དངུལ་བསྡུ་ལེན་ཐད། 
     མི་དམངས་ཤོག་སྒོར་གྱི་ཐོ་ཁོངས་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་། ཐོ་ཁོངས་དངུལ་ཁང་ནི། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་དཀར་མཛེས་ཡན་ལག་དངུལ་ཁང་། རྩིས་ཐོའི་ཨང་གྲངས་ནི། 51001808636051501306
     མི་དམངས་ཤོག་སྒོར་གྱི་ཐོ་ཁོངས་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ། ཐོ་ཁོངས་དངུལ་ཁང་ནི། ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་དཀར་མཛེས་ཐད་གཏོགས་ཡན་ལག་དངུལ་ཁང་། རྩིས་ཐོའི་ཨང་གྲངས། 2321100029000032420
ཞལ་འདེབས་འབུལ་སྐབས། སི་ཁྲོན་དཀར་མཛེས་ལྕགས་ཟམ་རྫོང“9·5”ས་ཡོམ་གྱི་གནོད་འཚེའི་གེགས་སེལ་གྱི་ཞལ་འདེབས་མ་དངུལ་ཞེས་་ཟུར་དུ་འགོད་དགོས།
     དངོས་རྫས་བསྡུ་ལེན་ཐད། 
     དངོས་ཟོག་བསྡུ་ལེན་བྱེད་འགན་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་ དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་སོ་སོས་འཁུར་རྒྱུ་རེད། 
     ཞལ་འདེབས་འབུལ་དུས་ཀྱི་འབྲེལ་གཏུག་ཁ་པར་ཨང་གྲངས། 
     དཀར་མཛེས་ཁུལ་གྱི་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ། 0836-2835222  18990465725(ཀྲོའུ་ཅིན།)
     དཀར་མཛེས་ཁུལ་གྱི་རྒྱ་གྲམ་དམར་པོའི་ཚོགས་པ། 0836-3120655 13990489986(ཚའོ་ཞུའེ་ཅའོ།)