འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་1ཉིན།

༄༅།།རིམས་ནད་འགོག་རྒོལ་ལ་སྒོར་ཁྲི་1000ཞལ་འདེབས་སུ་ཕུལ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་01ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པར་མ་དངུལ་སྒོར་ཁྲི་1000ཞལ་འདེབས་བརྒྱབ་སྟེ། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་སྤྱོད་རྒྱུ་རེད། 
     ཉེ་དུས། ན་གོར་མོ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཡིན་པ་རེད། ཚྭ་མཚེའུ་མ་རྐང་ཀུང་སིའི་ཏང་ཨུ་ཡིས་འཕྲལ་དུ་མཚོ་སྔོན་ཞིང་ཨུ་དང་། ཞིང་ཆེན་སྲིད་གཞུང་དང་དེ་བཞིན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ན་གོར་མོ་གྲོང་ཨུ། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་འདོམས་བཀོད་སྒྲིག་དང་ལེན་བྱས་ནས། རིམས་ནད་ལས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་ཐེབས་པའི་ཤུགས་རྐྱེན་ལ་ཐད་ཀར་ཁ་གཏད་བཅག་སྟེ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་གཉེར་སྐྱོང་གཉིས་ཀ་དམ་འཛིན་བྱས་ཡོད།
     ལག་གདང་སྦྲེལ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་ལ་ཁ་གཏད་གཅོག་དགོས། ཚྭ་མཚེའུ་མ་རྐང་ཀུང་སིའི་ལས་བྱེད་དང་ལས་བཟོ་པ་ཚོ་ན་གོར་མོ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ཧུར་ཐག་ཞུགས་ནས་སྐོར་སྐྱོད་དོ་དམ་དང་། སྔོན་འགོག་ཚོད་འཛིན་དྲིལ་བསྒྲགས། རིམས་ནད་བྱུང་ཚུལ་སྙན་ཞུ། དངོས་ཟོག་འགན་ལེན། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ལས་དོན་ཁྲོད་རོགས་རམ་དང་རྒྱབ་སྐྱོར་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚྭ་མཚེའུ་མ་རྐང་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཉེན་སེལ་གེགས་སེལ་ཁྲོད་ཞལ་འདེབས་དངོས་པོ་དང་བློ་གྲོས་ཧུར་ཐག་ཕུལ་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་རང་བཞིན་དང་འགན་འཁྲི་འཁུར་ཤུགས་མངོན་ཡོད། གོམ་སྟབས་རྗེས་མར། ཚྭ་མཚེའུ་མ་རྐང་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་གཉེར་སྐྱོང་ཕྱོགས་གཉིས་དམ་འཛིན་དང་། ཕྱོགས་གཉིས་ཀ་དམ་འཛིན། ཕྱོགས་གཉིས་ཀ་འགོར་འགྱངས་མི་བྱེད་པ་བཅས་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཅ་ལུད་ཀྱི་རིན་གོང་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས། ན་གོར་མོ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།