འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་25ཉིན།

༄༅།།ཡུལ་འདིའི་ལས་བྱེད་པ་4ལ་འགན་འཁྲི་རྩད་གཅོད་བཏང་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་25ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་གནས་འཕྲིན་སྤེལ་ནས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ལྡན་མ་བྱུང་བའི་རྐྱེན་གྱིས་ན་གོར་མོ་གྲོང་ཨུས་ཞིབ་འཇུག་བྱས་པ་བརྒྱུད། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་མའོ་ཡུང་ཕིང་གནས་དབྱུང་གཏོང་རྒྱུ་དང་། སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་ནན་པོ་མ་བྱུང་བ་དང་བྱ་སྤྱོད་འགོར་བའི་དབང་གིས་རྨ་ཆུ་ལམ་ཁྲོམ་གཞུང་གི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ལས་སྒྲུབ་ཁང་གི་ཀྲུའུ་རེན་ཀྲང་ཞུས་ཕིང་ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱ་རྒྱུ། རྨ་ཆུ་ལམ་ཁྲོམ་གཞུང་ལས་སྒྲུབ་ཁང་གི་ལས་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགན་འཁུར་བའི་ཀྲུའུ་རེན་གཞོན་པ་ཐང་ཁེ་སིར་ཏང་ནང་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུའི་ཐག་བཅད་པ་རེད། རྨ་ཆུ་ལམ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ཐེ་ཞི་སྡེ་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཀྲུའུ་ཡུང་ལུའུ་གནས་དབྱུང་བཏང་བ་རེད།