འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་19ཉིན།

༄༅།།མཚོ་སྔོན་གྱི་ས་གནས་གཉིས་2022ལོའི་རྒྱལ་ཁབ་ཞིང་ལས་དེང་རབས་ཅན་དཔེ་སྟོན་ཁུལ་
འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་19ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་16ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ཞིང་ལས་དང་གྲོང་གསེབ་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་2022ལོའི་ཞིང་ལས་དེང་རབས་ཅན་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དེའི་ནང་ཚུད་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་རྫོང(ཆུས)4རྒྱལ་ཁབ་ཞིང་ལས་དེང་རབས་ཅན་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་ཡོད་པ་རེད།
   དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པ་དེས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དང་འབྲོག་ཁུལ་དུ་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྣམ་པ་དང་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་དཔེ་སྟོན་མ་དཔེ་བཙུགས་ཏེ། རིགས་གཅིག་པའི་ས་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཕེལ་རྒྱས་མྱུར་པོ་འགྲོ་བར་ཁྲིད་སྟོན་ནུས་ལྡན་བྱེད་པ་དང་། ཞིང་ལས་སྒྲིག་བཀོད་ཅན་དང་། གླིང་ཁུལ་ཅན། མཉམ་འདྲེས་ཅན། ལྗང་མདོག་ཅན། གྲངས་འཛིན་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་ལ་གང་མགྱོགས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་སྤུས་ཚད་དང་ཕན་འབྲས་མཐོ་བ་དང་། གྲོང་གསེབ་སྡོད་མལ་ལ་འཚམ་པ་དང་ལས་རིགས་ལ་འཚམ་པ། ཞིང་པ་ཕྱུག་འགྱུར་བཅས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་རེད།