འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་5ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་དྲུག་པ། ནར་མ་སོན་པའི་མིར་
འདོད་པའི་གནོད་འཚེ་ཕོག་ན། ནར་སོན་རྗེས་ད་དུང་ཞུ་གཏུག་བྱས་ཆོག་གམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་05ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་དྲུག་པ། ནར་མ་སོན་པའི་མིར་
འདོད་པའི་གནོད་འཚེ་ཕོག་ན། ནར་སོན་རྗེས་ད་དུང་ཞུ་གཏུག་བྱས་ཆོག་གམ།
     གྱོད་གཞི།
     ལོ་13ལ་སོན་སྐབས་ཞའོ་ཀུའོ་ལ་བཙན་གནོད་ཕོག ལོ་ན་ཆུང་བ་དང་ཁྱིམ་བདག་ལ་བཤད་རྒྱུར་ངོ་ཚ་བས་སྡུག་བསྔལ་དེ་རང་ཉིད་གཅིག་པུས་བཟོད་བསྲན་བྱས་ཡོད། ནར་སོན་རྗེས། ཞའོ་ཀུའོ་ཡིས་བཅའ་ཁྲིམས་ཀྱི་ཤེས་བྱ་མང་པོ་ཞིག་སློབ་སྦྱོང་བྱས་ཏེ། སྔོན་གྱི་འདོད་པའི་གནོད་འཚེ་ཕོག་པའི་བྱ་སྤྱོད་དེ་ཞུ་གཏུག་བྱས་ནས་སྐྱིན་གསབ་བྱེད་དུ་འཇུག་དགོས་བསམས་མོད། འོན་ཀྱང་གཏུག་བཤེར་ནུས་ཡུན་ལས་བརྒལ་ཡོད་མེད་མ་ཤེས། ནར་སོན་རྗེས་ཀྱི་ཞའོ་ཀུའོ་ཡིས་ད་དུང་ཞུ་གཏུག་བྱས་ཆོག་གམ། 
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།
     ཞུ་གཏུག་བྱས་ཆོག དམངས་དོན་ཁྲིམས་གཞུང་གི་དོན་ཚན་བརྒྱ་དང་གོ་གཅིག་པར་གཏན་འབེབས་བྱས་དོན། ནར་མ་སོན་པའི་མིར་འདོད་པའི་གནོད་འཚེ་ཕོག་པར་གནོད་རྐྱེན་སྐྱིན་གསབ་བྱེད་དགོས་པའི་རེ་འདུན་ཞུ་དབང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི། གནོད་རྐྱེན་ཕོག་མི་རང་ལོ་བཅོ་བརྒྱད་ལ་སོན་ཉིན་ནས་རྩི་དགོས།