འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་5ཉིན།

༄༅།།རྒྱལ་ཁབ་བདུན་གྱི་ཚོགས་པས་ཐའེ་ཝན་དང་འབྲེལ་བའི་གསལ་བསྒྲགས་སྤེལ་བའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་05ཉིན། 16:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་4ཉིན་གྱི་དགོང་མོར། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཁམ་ཕུ་ཁྲེའི་རྒྱལ་ས་ཅིན་པེན་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་རབ་དང་རིམ་པའི་ནང་ཞུགས་རིང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད།
     ཝང་དབྱི་ཡིས། ནུབ་ཕྱོགས་རྒྱལ་ཁབ་བདུན་གྱི་ཚོགས་པ་མཉམ་དུ་བསྡུས་ནས་མིག་སྔའི་ཐའེ་ཝན་མཚོ་འགག་གི་དུས་བབ་ཐད“གསལ་བསྒྲགས”ཟེར་བ་ཞིག་སྤེལ་ཡོད། “གསལ་བསྒྲགས”དེར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་གསལ་བསྒྲགས་དེ་ཡིས་ཡིན་མིན་མཉམ་བསྲེས་དང་དཀར་ནག་གོ་ལྡོག འཛེམ་བག་མེད་པར་བཙན་གནོད་བྱེད་མཁན་ལ་རྒྱབ་སྐྱོར་དང་བདག་དབང་སྲུང་སྐྱོང་མཁན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད། སྤྱི་བའི་བདེན་ལུགས་གང་དུ་ཡོད་དམ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་གང་དུ་ཡོད་དམ། “ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ”དེ་ནི་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ང་ཚོའི་ཆེས་གཞི་རྩར་གྱུར་པའི་རྩ་དོན་ཡིན་པས། ང་ཚོས་བདེན་དོན་མེད་པའི་ཁྲིམས་སྲོལ་གྱིས་ཡང་བསྐྱར་ང་ཚོའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བར་གཙོ་ཁྲིད་བྱེད་དུ་འཇུག་མི་རུང་། “གསལ་བསྒྲགས”ཟེར་བ་དེ་ནི་ཤོག་སྙིགས་ཤིག་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
     ཝང་དབྱི་ཡིས། རྒྱལ་ཁབ་100ལྷག་ཙམ་གྱིས་ཀྲུང་གོ་གཅིག་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་བདག་དབང་ལ་བཙན་གནོད་བྱེད་པར་ངོ་རྒོལ་བྱེད་པའི་རྣམ་འགྱུར་གསལ་སྟོན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་རྣམ་འགྱུར་བསྟན་ཡོད་ཡོད་པ་ང་ཚོས་མཐོང་། དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་དང་དེ་བཞིན་ཁོང་གི་མགྲིན་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་ཨང་2758མུ་མཐུད་མཐའ་འཁྱོངས་བྱེད་སྲིད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་དང་། གྲོས་ཆོད་ཨང་2758ཀྱི་སྲོག་ཤིང་ནི་ཀྲུང་གོ་གཅིག་དང་ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དེ་རེད། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་སྐད་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་བཤད་པ་རེད།