འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་5ཉིན།

༄༅།།འཕུར་མདེལ་ཚང་མ་དམིགས་འབེན་ལ་གནད་འཁེལ་བར་ཕོག་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་05ཉིན། 16:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན་གྱི་ཆུ་ཚོད་13ཙམ་ལ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱི་སྐམ་དམག་དཔུང་སྡེ་ཡིས། ཐའེ་ཝན་མཚོ་འགག་ཏུ་རྒྱང་ཁྲིད་མེ་ཤུགས་དངོས་སུ་འཕེན་གཏོང་གི་སྦྱོང་བརྡར་བྱས་ནས། ཐའེ་ཝན་མཚོ་འགག་ཤར་རྒྱུད་ཀྱི་དམིགས་བསལ་ས་ཁོངས་ལ་རྡུང་རྡེག་གནད་འཁེལ་བཏང་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།
     ཟླ་8ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་མེ་ཤུགས་འཕུར་མདའི་དཔུང་སྡེ་ཡིས། ཐའེ་ཝན་གླིང་ཕྲན་ཤར་རྒྱུད་ཀྱི་ཕྱིའི་རྒྱ་མཚོའི་སྔོན་བཀོད་མཚོ་ཁོངས་སུ་ས་ཁོངས་མང་པོ་དང་བཟོ་དབྱིབས་མང་པོའི་རྒྱུན་ཁྲིད་མེ་ཤུགས་འཕྲལ་རྒོལ་ལག་བསྟར་བྱས་ནས། འཕུར་མདེལ་ཚང་མ་གནད་ལ་འཁེལ་པོས་དམིགས་འབེན་དུ་ཕོག་ཡོད། དེའི་ཐོག་ནས་གནད་འཁེལ་རྡུང་རྡེག་དང་ས་ཁོངས་ཀྱི་འགོག་འཇོག་ནུས་པར་ཞིབ་བཤེར་ཐུབ་ཡོད། འཕུར་མདེལ་དངོས་འཕེན་སྦྱོང་བརྡར་གྱི་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་པ་དང་། འབྲེལ་ཡོད་མཚོ་ཐོག་དང་མཁའ་དབྱིངས་ཀྱི་བཀག་སྡོམ་མེད་པར་བཟོས་པ་རེད།