འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་5ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་གསུམ་པ། འདི་འདྲ་བྱས་ནས་རྐུན་མ་བཟུང་ཆོག་གམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་05ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་གསུམ་པ། འདི་འདྲ་བྱས་ནས་རྐུན་མ་བཟུང་ཆོག་གམ།
     གྱོད་གཞི། 
     ཞའོ་ལིའུ་ཡིས་ཚོང་ཁང་ག་གེ་མོ་ཞིག་ནས་ཁ་པར་བོར་སོང་རྗེས། ཚོང་སྒྲོམ་འགྲམ་དུ་ཡུན་རིང་བསྡད་ཡོད་པའི་ཞའོ་ཝང་གིས་རང་གི་ཁ་པར་བརྐུས་སོང་བར་དོགས་པ་སྐྱེས་མོད། འོན་ཀྱང་དཔང་རྟགས་ཁུངས་བཙན་ཞིག་མེད།  གྲོགས་པོ་ཞའོ་ལི་ཡིས་ཞའོ་ལིའུ་ལ་དྲ་རྒྱའི་ཐོག་ཞའོ་ཝང་གི་འདྲ་པར་དང་ཁ་པར་བོར་སོང་བའི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་སྤེལ་ནས། དྲ་གྲོགས་རྣམས་སྐུལ་སློང་བྱས་ནས་མཉམ་དུ་ཁ་པར་འཚོལ་དུ་འཇུག་དགོས་པའི་གྲོས་འགོ་བཏོན། ཞའོ་ལིའུ་ཡིས་ཞའོ་ཝང་ལ“མི་ངོ་མ་འཚོལ་བཤེར”བྱེད་ཆོག་གི་རེད་དམ།
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད། 
     བྱེད་མི་ཆོག་པ་རེད། དམངས་དོན་ཁྲིམས་གཞུང་གི་དོན་ཚན་བརྒྱ་དང་བཅུ་གཅིག་པའི་ནང་གཏན་འབེབས་བྱས་དོན། རང་བྱུང་མིའི་མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པ་ཡིན། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བར་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་རག་དགོས་ན། ཁྲིམས་ལྟར་རག་དགོས་པ་དང་སྦྲགས་ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་ལས། ཁྲིམས་འགལ་གྱིས་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། བེད་སྤྱོད། ལས་སྣོན། བརྒྱུད་གཏོང་བཅས་བྱས་མི་ཆོག་པ་དང་། ཁྲིམས་འགལ་གྱིས་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་ཉོ་འཚོང་དང་འདོན་སྤྲོད་དམ་ཕྱིར་བསྒྲགས་བྱས་མི་ཆོག