འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་5ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ལྔ་པ། དྲ་རྒྱའི་རོལ་རྩེད་ཁྲོད་ཀྱི་རྟོག་བཟོའི་
རྒྱུ་ནོར་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་དམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་05ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ལྔ་པ། དྲ་རྒྱའི་རོལ་རྩེད་ཁྲོད་ཀྱི་རྟོག་བཟོའི་
རྒྱུ་ནོར་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་དམ།
     གྱོད་གཞི།
     ཞའོ་ཀྲོའུ་ཡིས་རང་ཉིད་ཀྱི་ཐོབ་ཐང་ཆ་འཕྲིན་གྱིས་རོལ་རྩེད་ཐོ་ཨང་ཞིག་ཐོ་འགོད་བྱས་པ་མ་ཟད། ཐོ་ཨང་ནང་དུ་སྒོར་མོ་བཞག་པ་མ་ཟད་སྒོར་མོ་ལྷག་ཡོད་པ་རེད། རྗེས་སུ་ཞའོ་ཀྲོའུ་ཡིས་རོལ་རྩེད་ཐོ་ཨང་ཞའོ་ཀྲང་ལ་བོགས་མར་བཏང་། ཞའོ་ཀྲང་གིས་ཐོ་ཨང་དེའི་ཐོག་ནས་རོལ་རྩེད་རྩེ་སྐབས། ཕྱོགས་གསུམ་པའི་རམ་འདེགས་མཉེན་ཆས་ཐེངས་མང་སྤྱད་པས་རོལ་རྩེད་སྟེགས་བུའི་འབྲེལ་ཡོད་ཚད་གཞི་དང་འགལ་ནས་མཇུག་མཐར་ཐོ་ཨང་དེ་རོལ་རྩེད་སྟེགས་བུས་སྒོ་བརྒྱབ། ཞའོ་ཀྲོའུ་ཡིས་ཐོ་ཨང་ནང་དུ་བཞག་པའི་དངུལ་ལྷག་མ་ཡང་བེད་སྤྱོད་མི་ཐུབ་པར་མ་ཟད་སྒོར་མོ་ཕྱིར་ལེན་མ་ཐུབ། ཞའོ་ཀྲོའུ་ཡིས་ཞའོ་ཀྲང་ལ་དྲ་རྒྱའི་རོལ་རྩེད་ཐོ་ཨང་སྒོ་བརྒྱབ་ནས་བཟོས་པའི་གྱོང་གུན་ལ་སྐྱིན་གསབ་འཇལ་དགོས་པའི་རེ་བ་བཏོན་ཆོག་གམ།
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད་པ།
     སྐྱིན་གསབ་འཇལ་དགོས་པའི་རེ་བ་བཏོན་ཆོག  དམངས་དོན་ཁྲིམས་གཞུང་གི་དོན་ཚན་གསུམ་པར་གཏན་འབེབས་བྱས་དོན། དམངས་དོན་བྱེད་པོའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་བཙན་གནོད་བྱས་མི་ཆོག  དམངས་དོན་ཁྲིམས་གཞུང་གི་དོན་ཚན་བརྒྱ་དང་ཉེར་བདུན་པར་གཏན་འབེབས་བྱས་དོན། གཞི་གྲངས་དང་དྲ་ཐོག་གི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོབ་བྱེད་པར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།