འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་4ཉིན།

༄༅།།གྲོས་ཆོད་ཨང་2758དང“ཀྲུང་གོ་གཅིག་གི”སྲིད་ཇུས་རྒྱུན་འཁྱོངས་བྱ་དགོས་ཟེར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་04ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་2ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏུའུ་ཅ་ལི་ཁེ་ཡིས། 1971ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758དང་དེ་བཞིན“ཀྲུང་གོ་གཅིག”གི་སྲིད་ཇུས་ལ་བརྩི་སྲུང་ཞུ་དགོས་ཞེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏུའུ་ཅ་ལི་ཁེ་ཡིས། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཁྱམས་མྱུལ་སོང་བའི་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གོང་གསལ་གྱི་སྐད་ཆ་བཤད་པ་རེད།
     ཁོང་གིས“མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནད་དོན་དེའི་ཐད་ཀྱི་སྲིད་ཇུས་ནི་1971ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག‘ཀྲུང་གོ་གཅིག’སྐོར་གྱི་གྲོས་ཆོད་ཨང་2758ལ་བརྩི་སྲུང་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཨང་2758པའི་ནང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་འཐུས་ཚབ་ནི་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛུགས་ནང་གི་ཀྲུང་གོའི་ཁྲིམས་མཐུན་གྱི་འཐུས་ཚབ་གཅིག་པུ་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་གྲས་ཡིན་པ”མ་ཟད། “ཅང་ཅེ་ཧྲིའི་འཐུས་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛུགས་དང་། དེའི་ཁོངས་གཏོགས་ལས་ཁུངས་ཡོད་ཚད་ནང་ཁྲིམས་འགལ་གྱིས་བཟུང་བའི་གདན་ཐོབ་ནས་འཕྲལ་མར་ཕྱིར་འབུད་རྒྱུ”ཐག་བཅད་པ་རེད།