འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་2ཉིན།

༄༅།།དྲ་གྲགས་ཤིག་གིས་གཏུམ་ཉ་རྩ་ཆེན་བཙོས་ནས་ཟོས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་02ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཞིམ་ཟས་དྲ་གྲགས་ཤིག་གིས་གཏུམ་ཉ་བཙོས་མ་དང་གཏུམ་ཉ་བསྲེགས་མ་བཟོ་བའི་བརྙན་རིས་དྲ་ཐོག་ཏུ་ཁྱབ་ཅིང་ཀུན་གྱིས་དོ་ཁུར་ཆེན་པོ་བྱས་ཡོད། དྲ་ཐོག་ཏུ་མི་ཞིག་གིས་ཐེར་འདོན་བྱས་དོན། གཏུམ་ཉ་དེ་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉ་རྡོ་གཟན་ཡིན་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཁོངས་སུ་གཏོགས། སི་ཁྲོན་ནན་ཁྲུང་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་བརྟག་དཔྱད་བྱེད་འགོ་བརྩམས་པ་རེད།
   ཟླ་7ཚེས་31ཉིན། གསར་འགོད་པས་སི་ཁྲོན་ནན་ཁྲུང་ཉེན་རྟོག་ཕྱོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འབྲེལ་ཡོད་སྡེ་ཁག་གིས་གསལ་འབྱེད་བྱས་པ་བརྒྱུད། དྲ་གྲགས“ཐི་ཙིའི”བརྙན་རིས་ཁྲོད་ཀྱི་གཏུམ་ཉ་དེ་ཉ་རྡོ་གཟན་ཡིན་པ་གཏན་འཁེལ་རེད། 
   ཟླ་8ཚེས་1ཉིན། གསར་འགོད་པས་ནན་ཁྲུང་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དྲ་གྲགས“ཐི་ཙི”ཡིས་ཅིང་ཏུང་ཐོག་ནས་“གཏུམ་ཉ་དཀར་པོ”ཉོས་པ་དེའི་འབྱུང་ཁུངས་ནི་ཧྥུའུ་ཅན་མཚོ་རྒྱུད་ས་ཁུལ་ཡིན་པ་དང། ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་མི་སྣ་ཚོད་འཛིན་བྱས་ཟིན་པ་རེད། “ང་ཚོས་འབྲེལ་ཡོད་ཁྲིམས་འཛིན་ཞིབ་དཔྱད་ཚད་ལེན་སྡེ་ཁག་དང་འབྲེལ་བ་བྱེད་བཞིན་ཡོད་ཅིང་། གཏུམ་ཉ་དེའི་ལོ་ཚོད་དང་། དེའི་རིན་ཐང་ཞིབ་དཔྱད་ཚད་ལེན་བྱེད་བཞིན་ཡོད། དེ་ནི་མཐའ་མའི་གྱོད་གཞིའི་མཇུག་འབྲས་དང་འབྲེལ་བ་ཡོད”ཅེས་བཤད་པ་རེད།
   མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་གནས་སྐབས་སུ་གཏུམ་ཉའི་འབྱུང་ཁུངས་སྐོར་གྱི་གནས་ཚུལ་གསལ་པོར་བརྗོད་མེད་ཀྱང་། འབྲེལ་ཡོད་གནས་ཚུལ་ལ་རིམ་གྱིས་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།