འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་2ཉིན།

༄༅།།ཁྲེན་ཏུའུ་ཧྭ་ཞི་སྨན་ཁང་དེ་རིང་ནས་རྒྱུན་ལྡན་ལྟར་སྒོ་ཕྱེ་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་02ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་སྐད་འཕྲིན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྨན་ཁང་དེས་ཟླ་8ཚེས་2ཉིན་ནས་བཟུང་གོ་རིམ་ལྡན་པའི་ངང་སྨན་ཁང་དེའི་སྒོ་བསྟེན་སྨན་ཁང་དང་པོ་དང་སྒོ་བསྟེན་སྨན་ཁང་གཉིས་པ་སོགས་ཀྱི་སྨན་བཅོས་ལས་སྒོ་སླར་གསོ་བྱ་རྒྱུ་རེད།    
   འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ། 
སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དུ་ནད་དཔྱད་ཀྱི་བརྡ་ཁྱབ།
རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོ། 
ཉེ་དུས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ངེད་སྨན་ཁང་གིས་ཟླ་8ཚེས་2ཉིན་ནས་བཟུང་། སྨན་ཁང་གི་སྒོ་བསྟེན་སྨན་ཁང་དང་པོ་དང་གཉིས་པའི་སྨན་བཅོས་ལས་སྒོ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་ཡིན། (སྨན་བཅོས་བཀོད་སྒྲིག་ཞིབ་ཕྲ་དེ་སྨན་ཁང་གི་དྲ་བ་དང་ཡང་ན་འཕྲིན་ཐུང་གི་བརྡ་ཐོ་ཚད་གཞིར་འཛིན་དགོས)སྨན་པ་བསྟེན་པ་ལ་སྔར་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་ཀྱི་འབྲེལ་ཡོད་བླང་བྱ་ལྟར་ལག་ལེན་བསྟར་རྒྱུ་ཡིན། 
   འཕྲལ་བཅོས་དང་ཚ་ནད་སྒོ་བསྟེན་སྨན་ཁང་རྒྱུན་ལྡན་ལྟར་སྒོ་ཕྱེ་ཡོད། 
ཁྱེད་རང་གིས་རྒྱབ་སྐྱོར་དང་བསམ་ཤེས་གནང་བར་ཐུགས་རྗེ་ཆེ།  
སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་། 
2022ལོའི་ཟླ་8ཚེས་1ཉིན། 
   དེ་སྔོན་གྱི་གནས་ཚུལ་ཕྱོགས་བསྡུས་བྱས་པར་གཞིགས་ན། ཟླ་7ཚེས་31ཉིན། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གིས་སྨན་ཁང་དུ་སྡོད་པའི་ནད་པ་ཡོངས་ལ་རྒྱུན་ལྡན་གྱི་ཉིང་སྐྱུར་ཞིབ་བཤེར་བྱེད་སྐབས། མཁལ་མའི་ཁོག་ནད་ཚན་ཁག་གི་ནད་པ་ཞིག་གི་ཞིབ་བཤེར་བྱས་འབྲས་གདགས་གཤིས་ཡིན་པ་ཤེས་རྟོགས་བྱུང་བ་རེད། 
སྨན་པར་བསྟེན་པའི་ནད་པའི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་ཆེད། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གིས་འཕྲལ་མར་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་མ་ཟད། ཟླ་7ཚེས་31ཉིན་གྱི་དགོང་མོ་སྨན་ཁང་གི་ལས་དོན་མི་སྣ་ཚང་མར་སླར་ཡང་འཕྲལ་དུ་ཞིབ་བཤེར་ཚད་ལེན་བྱས་པ་དང་། མི་ཐེངས་233467ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་བྱས་འབྲས་ཚང་མ་སྲིབ་གཤིས་རེད། ནད་ཁང་དང་། སྒོ་བསྟེན་ཁང་། སྨན་བཅོས་ལག་རྩལ་ཚན་ཁག སྤྱི་པའི་ས་ཁོངས(གློག་སྐས་དང་བགྲོད་ལམ་སོགས་ཚུད་པ)ལ་རེས་སྐོར་5ཡི་ཁོར་ཡུག་དུག་སེལ་བྱས་པ་དང་། ཁོར་ཡུག་གི་མ་དཔེ་452ལེགས་སྒྲུབ་བྱས་པ་དང་། 
ཁོར་ཡུག་གི་མ་དཔེ་འཚོལ་བསྡུ་452བྱས་པ་ལས། བྱས་འབྲས་ཚང་མ་སྲིབས་གཤིས་རེད།