འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་2ཉིན།

༄༅།།མཚོ་སྔོན་གསེར་ཆེན་རྫོང་དུ་མི་6ཆུར་ལྷུངས་ནས་རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་02ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་གྱི་ཆུ་ཚོད་14ཡོལ་ཙམ་ལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་ཨ་ཡག་ཝ་གྲོང་ཚོར། བྱིས་པ་གཅིག་རྐང་འདྲེད་ཤོར་ནས་ཆུ་འདྲེན་ཆུ་གསོག་རྫིང་བུར་ལྷུངས་པས་བྱིས་པའི་གཉེན་ཉེ་དག་གིས་གཅིག་རྗེས་གཉིས་མཐུད་ངང་ཆུ་ནང་དུ་བབས་ནས་སྐྱོབ་ཐབས་བྱས་མོད་བསྐྱབས་མ་ཐུབ་པས་མི་6རྐྱེན་ལམ་དུ་ཤོར་ཡོད་པ་རེད།
     མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་འཕྲལ་མར་སྤྱི་བདེ་དང་། མེ་ཟོན། འཕྲལ་བསྟུན་སོགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་ལས་དོན་སྤེལ་ཞིང་། དེའི་ཁྲོད་ཀྱི་མི་3ཆུ་ནས་བཏོན་རྗེས་ཚེ་སྲོག་གི་ཁྱད་རྟགས་མེད་པ་རེད། ནད་པ་གཞན་3སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་རྗེས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་རྐྱེན་ལམ་དུ་ཤོར་བ་དང་། མི་1སྨན་ཁང་དུ་སྐྱོབ་བཅོས་བྱེད་བཞིན་ཡོད་པ་དང་ཚེ་སྲོག་གི་ཁྱད་རྟགས་རྒྱུན་ལྡན་ཡིན་པ་རེད།
     མིག་སྔར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རྗེས་འཇུག་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད་པ་རེད།