འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་1ཉིན།

༄༅།།2022ལོའི“པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོ”སྤེལ་
འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་01ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། 2022ལོའི“པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོ”སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། འདི་ལོ་ནི་པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱི་རྩ་འཛུགས་སྡེ་ཚན་གྱིས《“པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོ”གཏིང་ཟབ་དང་རྒྱ་སྐྱེད་གཏོང་བའི་གྲོས་མཐུན》ལ་མིང་རྟགས་བཀོད་པའི་ལོ་གཉིས་པ་རེད། པེ་ཅིང་གྲོང་ཨུད་རྩ་འཛུགས་པུས་སྨན་བཅོས་འཕྲོད་བསྟེན་དང་། ཞིང་འབྲོག་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཁེ་ལས་ཐོན་སྐྱེད། དངུལ་རྩ་སོགས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་ཁག་གི་ཕུལ་བྱུང་རིགས་གཅིག་མཁས་ཅན་25གདམ་གསེས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་འདེམས་གཏོང་བྱས་པའི་རིགས་གཅིག་མཁས་ཅན་30དང་མཉམ་འཛོམས་བྱས་ཏེ“པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོའི”ལས་སྟེགས་བརྒྱུད་རིགས་གཅིག་མཁས་ཅན་ཚོགས་པས་གཞི་རིམ་དང་མཉམ་འདྲེས་གཏིང་ཟབ་དང་གཞི་རིམ་ལ་གནད་སྨིན་ཞབས་འདེགས་ཞུས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།
    “པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོ”དེ་ས་གནས་གཉིས་ཀྱི་ཤེས་ལྡན་པ་སྤེལ་རེས་བྱེད་པའི་སྤུས་རྟགས་བྱེད་སྒོ་ཞིག་ཡིན་པས་དེའི་དམིགས་ཡུལ་ནི་པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཤེས་ལྡན་པའི་རིག་སྟོབས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ཐབས་ལམ་ཤར་བགྲོད་བྱས་ནས་དེ་བས་རྒྱུན་མཐུད་དང་། དེ་བས་གཏིང་ཟབ། དེ་བས་ནུས་ལྡན་བཅས་ཀྱི་ཤེས་ལྡན་པའི་མཉམ་སྒྲུབ་ལས་སྟེགས་གཏོད་ཆེད་རེད། 2014ལོར་སྤེལ་ནས་ད་བར། ས་གནས་གཉིས་ཀྱི་རྩ་འཛུགས་སྡེ་ཚན་གྱིས་གཞོགས་འདེགས་ཧུར་ཐག་བྱས་ནས། སྔ་རྗེས་སུ་པེ་ཅིང་གི་རིགས་གཅིག་མཁས་ཅན་143གྱིས་ཞིང་ཆེན་ཡོངས་ནས་འདེམས་གཏོང་བྱས་པའི་རིགས་གཅིག་མཁས་ཅན་245དང་མཉམ་དུ་ས་མཐོ་དང་འཐབ་ས་དང་པོར་བསྐྱོད་དེ། ལམ་བར་དུ་ཉམས་མྱོང་བཟང་པོ་སྤེལ་རེས་དང་ཐབས་ཤེས་བཟང་པོ་བཏོན་ནས་མདུན་གྲལ་གྱི་འདུ་ཤེས་དང་ཁྱད་འཕགས་ཀྱི་ལག་རྩལ་ས་མཐོར་ཁྱབ་གདལ་བཏང་སྟེ། གཞི་རིམ་ཚན་པར་དཀའ་གནད་སེལ་བ་དང་ས་ཁོངས་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འབུལ་བྱས་ཡོད།
    འགོ་ཚུགས་མཛད་སྒོའི་ཐོག པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱི་རྩ་འཛུགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཇི་ལྟར་བྱས་ནས“པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོའི”དངོས་ཕན་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་རྒྱུར་དམིགས་པ་དང་། སྤེལ་རེས་གཏིང་ཟབ་བྱས་པ་དང་། ཤེས་ལྡན་པ་ཕྱིར་གཏོང་ཚན་པ་དང་ཞབས་ཞུ་བྱ་ཡུལ་ཚན་པའི་དབར་རིག་སྟོབས་ཀྱི་རོགས་སྐྱོར་དང་ལས་སྒོ་སྤེལ་རེས་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། དེ་བས་གཏིང་ཟབ་པའི་མཉམ་འགུལ་ཐུབ་པ་བྱས་ཏེ་མཚོ་སྔོན་ལ་མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་ཡོང་བར་ཕུན་སུམ་ཚོགས་པའི་རིག་སྟོབས་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད།