འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་29ཉིན།

༄༅།།ཁྲིམས་འགལ་གྱིས་ལྐོག་རྔན་སྒོར་དུང་ཕྱུར་1.17བླངས་པའི་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་29ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲིམས་འགལ་གྱིས་ལྐོག་རྔན་སྒོར་དུང་ཕྱུར་1.17བླངས་པའི་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་ཁྲིམས་ར་འཚོགས་ནས། རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པ་དང་། ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་གྱོད་གཞི་དེར་འདྲི་ཞིབ་བྱས་པ་དང་། ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཡོངས་གྲགས་སུ་ཞིབ་གཅོད་བྱས་ཡོད།  རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་དབང་གིས་ཉེར་ཕྱོགས་ཁྲིམས་འགལ་གྱི་གྱོད་གཞི་དེ་ཁྲིམས་ལྟར་ཡོངས་གྲགས་སུ་ཞིབ་གཅོད་མི་བྱེད་པ་རེད། 
   ཁྲང་ཁྲུན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2005ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཧྥུ་ཀྲེང་ཧྭ་ཡིས་པེ་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་། པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་འཛིན་པུའུ་ཡི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་འཁུར་རིང་། གོ་གནས་ཐད་ཀྱི་སྟབས་བདེ་དང་འགན་དབང་ངམ་ཡང་ན་གོ་གནས་ཐད་ཆགས་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་ཁེ་ལས་གཉེར་སྐྱོང་དང་། གོ་གནས་ལེགས་སྒྲིག གྱོད་གཞི་ཐག་གཅོད་སོགས་ཀྱི་ཐད་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་རོགས་རམ་བྱས་པ་དང་། རང་ངོས་ནས་ཐད་ཀའམ་ཡང་ན་དེའི་གཉེན་ཉེ་བརྒྱུད་དེ་ཁྲིམས་འགལ་གྱིས་རྒྱུ་དངོས་བླངས་ནས་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.17ལྷག་ཟིན་ཡོད་པས། གྲངས་འབོར་ཧ་ཅང་ཆེན་པོ་རེད། 2014ལོ་ནས་2015ལོ་བར་ཧྥུ་ཀྲེང་ཧྭ་ཡིས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་རིང་། ཁོ་བོའི་གཅུང་པོ་ཧྥུའུ་ཝུའེ་ཧྭ་ཡི་ཉེས་གསོག་གནད་དོན་ཚབས་ཆེན་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་སྦ་གསང་བྱས་ནས་གོང་ལ་མ་ཞུས་པ་དང་། ཁྲིམས་ལྟར་ཐག་གཅོད་མ་བྱས་པ། ཕུའུ་ཝུའེ་ཧྭ་ལ་ཡུན་རིང་ཁྲིམས་སྦྱོར་བདའ་འདེད་མ་བཏང་བ་བཅས་ཀྱིས་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་བྱས་ཉེས་དང་ཉེར་ཕྱོགས་ཁྲིམས་འགལ་གྱི་བྱས་ཉེས་བསགས་པའི་ཐོག་ནས་ཧྥུ་ཀྲེང་ཧྭ་ཡི་ཉེས་འགན་བདའ་འདེད་བྱ་རྒྱུར་མཆན་འགོད་ཞུས་ཡོད།
   ཁྲིམས་སའི་འདྲི་གཅོད་བྱེད་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་ཧྥུ་ཀྲེང་ཧྭ་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་པ། ཉེས་བགྲང་དང་དག་འབུད་བྱེད་མཁན་ཕྱོགས་གཉིས་ཀས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ། ཧྥུ་ཀྲེང་ཧྭ་ཡིས་མཐའ་མའི་གསལ་ཞུ་བྱས་པ་མ་ཟད། ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་བཞག་སྟེ་དུས་བདམས་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་ཡོངས་སུ་བསྒྲགས་པ་རེད།  
ལས་རིགས་ཁག་གི་མང་ཚོགས་20ལྷག་ཙམ་གྱིས་ཡོངས་བསྒྲགས་སུ་འདྲི་གཅོད་བྱས་པའི་གྱོད་གཞིའི་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།