འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་28ཉིན།

༄༅།།《འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྦྱོང་ཚན་གྱི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་སྔར་བས་ཡང་དུ་གཏོང་
རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ལོ་གཅིག་སོང་།

《འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྦྱོང་ཚན་གྱི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་སྔར་བས་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ལོ་གཅིག་སོང་རིང་། སློབ་མ་ཕྱོགས་ཡོངས་ནས་ཡར་རྒྱས་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་མ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་28ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཨེ་ནཱ་དང་ཝུའུ་གཡོད།
   ● “ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་གཅིག་སོང་རིང་གྲུབ་འབྲས་གལ་ཆེན་ཐོབ་ཅིང་། སློབ་གསོ་པུས་ཕྱོགས་གསུམ་པར་མངགས་བཅོལ་བྱས་ནས་སྤེལ་བའི་བརྟག་དཔྱད་བྱས་འབྲས་ལས་མངོན་གསལ། ལྕི་དྲགས་པའི་སློབ་མའི་སྦྱོང་ཚན་གྱི་ཁུར་པོ་དང་། སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ། ཁྱིམ་ཚང་སློབ་གསོའི་འགྲོ་གྲོན་གྱི་ཁུར་པོ་གསུམ་དང་ཁྱིམ་བདག་གི་དེ་མཚུངས་ཀྱི་བསམ་བློའི་ཁུར་པོ་བཅས་ཡང་དུ་ཕྱིན་ནས་སློབ་མའི་གཉིད་དང་། ལུས་རྩལ། ལག་ལེན་བཅས་ཀྱི་དུས་ཚོད་ཡོངས་ཁྱབ་ཏུ་མང་དུ་ཕྱིན་པ་དང་། ཁྱིམ་བདག་གིས་ཕྲུ་གུའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྔར་བས་སེམས་ཁུར་བྱེད་ཀྱི་ཡོད།
    ● ལོ་གཅིག་རིང་། སློབ་གསོ་སྡེ་ཚན་གྱིས་བསྡོམས་འབོར་ཉུང་གཏོང་དང་། དུས་ཚོད་ཚོད་འཛིན། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་བཅས་མཐའ་འཁྱོངས་བྱེད་པ་དང་། སྦྱོང་ཚན་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭ་ཁག་གིས་སློབ་མའི་གནས་ཚུལ་ལ་གནད་སྨིན་དབྱེ་ཞིབ་བྱེད་པ། སྦྱོང་ཚན་ཇུས་འགོད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། སྦྱོང་ཚན་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་བསྐྱར་ཟློས་རང་བཞིན་དང་འགྱུར་མེད་རང་བཞིན་གྱི་སྦྱོང་ཚན་ཉུང་དུ་ཏན་ཏིག་བཏང་ཡོད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འོས་འགན་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་པས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གྲྭའི་དཔེ་ཁྲིད་མི་སྐྱོང་གི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དྲ་ཐོག་དང་དྲ་ཕྱིའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
    ལོ་གཅིག་གི་གོང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྦྱོང་ཚན་གྱི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་སྔར་བས་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས“སློབ་གྲྭའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་ཆེ་རུ་གཏོང་བ་དང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་མཐའ་གཅིག་ཏུ་འགོག་པ། སློབ་གསོའི་ཁོར་ཡུག་བཟང་པོ་གཏོད་པ། ཁྱིམ་བདག་གི་སེམས་ཁྲལ་ནུས་ལྡན་ངང་སེལ་བ་བཅས་བྱས་ཏེ། སློབ་མ་ཕྱོགས་ཡོངས་ནས་ཡར་རྒྱས་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་ཁ་གསལ་བཏོན་ཡོད་པ་རེད།
     དུང་བརྡ་གྲགས་ཟིན་པས། བྱ་ཐབས་ནུས་ལྡན་སྤྱོད་དགོས། “ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་གཅིག་སོང་རིང་གྲུབ་འབྲས་གལ་ཆེན་ཐོབ་ཅིང་། སློབ་གསོ་པུས་ཕྱོགས་གསུམ་པར་མངགས་བཅོལ་བྱས་ནས་སྤེལ་བའི་བརྟག་དཔྱད་བྱས་འབྲས་ལས་མངོན་གསལ། ལྕི་དྲགས་པའི་སློབ་མའི་སྦྱོང་ཚན་གྱི་ཁུར་པོ་དང་། སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ། ཁྱིམ་ཚང་སློབ་གསོའི་འགྲོ་གྲོན་གྱི་ཁུར་པོ་གསུམ་དང་ཁྱིམ་བདག་གི་དེ་མཚུངས་ཀྱི་བསམ་བློའི་ཁུར་པོ་བཅས་ཡང་དུ་ཕྱིན་ནས་སློབ་མའི་གཉིད་དང་། ལུས་རྩལ། ལག་ལེན་བཅས་ཀྱི་དུས་ཚོད་ཡོངས་ཁྱབ་ཏུ་མང་དུ་ཕྱིན་པ་དང་། ཁྱིམ་བདག་གིས་ཕྲུ་གུའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྔར་བས་དོ་ཁུར་བྱེད་ཀྱི་ཡོད་པ་རེད།
    ཅང་སུའུ་ཡན་ཁྲེང་གྲོང་ཁྱེར་ཅིང་ཧྲན་སློབ་ཆུང་དུ་ལོ་རིམ་ལྔ་པའི་སློབ་མ་ཀྲང་ཅ་ཝུའེ་དང་སློབ་གྲོགས་ཚོ་སློབ་གྲྭར་ཡོང་ནས“གཅེས་སེམས་དབྱར་བཅོལ་འཛིན་གྲྭའི”སྐྱུ་རུའི་སྤོ་ལོ་ཚོགས་པའི་སྦྱོང་བརྡར་ནང་ཞུགས་པ་དང་། ཧོ་པེ་ལོན་ཀྲོའུ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གསུམ་པའི་སློབ་མ་ཀྲང་དབྱི་རན་གྱིས་རང་ཁྱིམ་དུ་ཞིམ་ཟས་བཟོས་ནས་ངལ་རྩོལ་སྦྱོང་ཚན་ལེགས་སྒྲུབ་བྱས་པ་སོགས། འདི་ལོའི་དབྱར་གསེང་རིང་། ཕྲུ་གུ་དེ་བས་མང་པོ་དེ་སྔ་བཞིན“དྲི་བ་དྲིས་ལན་གྱི་རྒྱ་མཚོར”དབྱིངས་མ་ཞུགས་པ་དང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་མ་བསྐྱོད་པར་ཁྱད་ཆོས་དེ་བས་ལྡན་པའི་དབྱར་གསེང་གི་སྦྱོང་ཚན་དང་ཕུན་སུམ་དེ་བས་ཚོགས་པའི་སློབ་གསོའི་བྱེད་སྒོར་ཞུགས་ནས་ཕན་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ལ་བདེ་ཐང་ངང་འཚར་ལོངས་བྱུང་ཡོད་པ་རེད།
    སློབ་མའི་ཁུར་པོ་ཡང་དུ་གཏོང་བའི་རྩ་བའི་ཐབས་ཇུས་ནི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། སློབ་ཁྲིད་བྱེད་དགོས་རིགས་ལ་སློབ་ཁྲིད་གང་ཐུབ་བྱས་ནས་སློབ་གྲྭའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞིང་། ལོ་གཅིག་རིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་སློབ་གྲྭའི་ནང་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས་སློབ་གྲྭའི་མི་སྐྱོང་གི་གཡུལ་ས་གཙོ་བོའི་ནུས་པ་བརྟན་དུ་བཏང་ཡོད་པ་རེད།
    ལོ་གཅིག་རིང་། སློབ་གསོ་སྡེ་ཚན་གྱིས་བསྡོམས་འབོར་ཉུང་གཏོང་དང་། དུས་ཚོད་ཚོད་འཛིན། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་བཅས་མཐའ་འཁྱོངས་བྱེད་པ་དང་། སྦྱོང་ཚན་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ།
    སློབ་གྲྭ་ཁག་གིས་སློབ་མའི་གནས་ཚུལ་ལ་གནད་སྨིན་དབྱེ་ཞིབ་བྱེད་པ། སྦྱོང་ཚན་ཇུས་འགོད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། སྦྱོང་ཚན་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་བསྐྱར་ཟློས་རང་བཞིན་དང་འགྱུར་མེད་རང་བཞིན་གྱི་སྦྱོང་ཚན་ཉུང་དུ་ཏན་ཏིག་བཏང་ཡོད་པ་རེད།
    ད་ཆ“ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱ་ཁྱབ་ངང་ཞུགས་པའི”སྲིད་ཇུས་ཀྱི་རྨང་གཞིའི་ཐོག་སློབ་གསོ་པུས་སློབ་ཁང་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི“ཆུ་ཚད་མཐོ་རུ་གཏོང་བ་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བར”སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱ་རྒྱུར་སྤྱི་འདོམས་བྱས་ཏེ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚན་རྩལ་ཤེས་ལྡན་པ་དང་། རིག་རྩལ་ལས་དོན་པ། ལུས་རྩལ་རྩལ་ཁྲིད་པ་སོགས་ཆེད་ལས་མི་སྣ་ཁྲི་28སློབ་ཁང་སློབ་ཁྲིད་རྗེས་ཀྱི་ཞབས་ཞུར་ཞུགས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་རྫོང་དང་ཆུས་མང་ཆེ་བར་སློབ་ཁང་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་འགྲོ་གྲོན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་རེད།
    “དེ་སྔ་ཕྲུ་གུ་ཚོ་གཟའ་མཇུག་ལ་རྟག་པར་སྐད་ཡིག་དང་། རྩིས་རིག དབྱིན་ཡིག་བཅས་ཀྱི་གསབ་སྦྱོང་འཛིན་གྲྭར་འགྲོ་དགོས་ཀྱི་ཡོད། ད་ཆ་ཕྲུ་གུ་ཚོར་ཁོམ་པ་མང་དུ་ཕྱིན་ནས་རང་ཉིད་ཀྱི་དགའ་ཕྱོགས་སློབ་ཚན་སྦྱོང་རྒྱུ་ཡོད་པས། ང་ཡང་ཕྲུ་གུ་ཚོ་དང་མཉམ་དུ་ལུས་སྦྱོང་བྱེད་པ་དང་རོལ་རྩེད་རྩེ་གི་ཡོད། ད་ཆ་རེས་གཟའ་སྤེན་པ་དང་ཉི་མའི་ངལ་གསོ་ཉིན་གཉིས་རིང་། ཕྲུ་གུ་དེ་སྔ་ནང་བཞིན་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལ་ཞུགས་མི་དགོས་པས་ཁྱིམ་བདག་གི་དཔལ་འབྱོར་ཁུར་པོ་ཡང་དུ་ཕྱིན་སོང”ཞེས་ནང་སོག་པའོ་ཐོའུ་གྲོང་ཁྱེར་ཆིང་ཧྲན་ཆུས་པེ་ཀྲུང་སློབ་ཆུང་དྲུག་པའི་སློབ་མ་ཝང་ཤིས་ཡུས་ཀྱི་ཁྱིམ་བདག་ཝང་ལིས་བརྗོད།
     གསོ་སྦྱོང་གི་ཟང་ཟིང་སྣང་ཚུལ་ནི་ཐག་གཅོད་དཀའ་བའི་གནད་དོན་ཞིག་རེད། ད་ཆ་ཕྱོགས་ཁག་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སློབ་ཕྱིའི་གསོ་སྦྱོང་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
   ལོ་གཅིག་རིང་། སློབ་གསོ་པུས་འཕེལ་རྒྱས་སྒྱུར་བཅོས་དང་། ཁྲོམ་ར་ལྟ་འདོམས། དམངས་སྲིད་སོགས་སྡེ་ཚན་དང་མཉམ་དུ་རིག་ཚན་རིགས་ཀྱི་གསོ་སྦྱོང་ལ་ལྟ་འདོམས་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད་པ་རེད།
   “ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་གཅིག་སོང་རིང་། སློབ་གསོར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཞིག་ཀྱང་ཡིན་པ་སྒྱུར་བཅོས་དང་ལག་ལེན་ལས་གསལ་བཤད་གང་ལེགས་ཐུབ་ཡོད་པ་རེད།
   “ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་གཅིག་སོང་རིང་། ཐུན་མོང་གི་ངོས་འཛིན་ཞིག་གྲུབ་པ་སྟེ། “ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་ནི་མི་དམངས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོའི་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཀྱང་མངོན་ཡོད་པ་རེད།