འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་27ཉིན།

༄༅།།དབྱར་གཞུང་གི་འབྲི་ཆུའི་ཆུ་འགོའི་རི་ཆུའི་བཀོད་པ་བརྗིད་ཆགས་ཡིད་དུ་འོང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་27ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཟླ་7ཚེས་18ཉིན་པར་བླངས་པའི་འབྲི་ཆུའི་ཆུ་གཞུང་ཨ་མ་ཐོགས་ཐོན་གཙང་པོའི་འགོ་ཁུངས་ཡིན་པ།
འདི་ནི་ཟླ་7ཚེས་18ཉིན་པར་བླངས་པའི་འབྲི་ཆུའི་ཆུ་གཞུང་ཨ་མ་ཐོགས་ཐོན་གཙང་པོའི་འགོ་ཁུངས་ཡིན་པ།
    ཉེ་ཆར། གསར་འགོད་པས་ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)འབྲི་ཆུའི་ཆུ་འགོའི་ཚན་རིག་རྟོག་ཞིབ་རུ་ཁག་དང་མཉམ་དུ་འབྲི་ཆུའི་ཆུ་འགོའི་ཁུལ་དུ་མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་གྱི་ཁུ་ནུ་རི་རྒྱུད་དང་གདང་ལའི་རི་རྒྱུད་བར་དུ་གནས་པའི་འབྲི་ཆུའི་ཆུ་འགོའི་ས་ཁུལ་དུ་ལྟ་བར་བསྐྱོད་པ་ཡིན། འབྲི་ཆུའི་ཆུ་འགོའི་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པ་དང་། ཆུ་ལམ་མང་བ། ཡུལ་ལྗོངས་མཛེས་པ་སོགས་ངོ་མཚར་ཤིན་ཏུ་ཆེ། ཉེ་བའི་ལོ་ཤས་རིང་། འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ནུས་པ་བརྟན་དུ་སོང་བ། ཆུ་རྩ་གསོ་འཁྱོངས་ཐུབ་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ། འདམ་ར་དང་ཆུའི་སྐྱེ་ཁམས་མ་ལག་རྒྱུན་མཐུད་སླར་གསོ་བྱུང་ཡོད།
འདི་ནི་ཟླ་7ཚེས་21ཉིན་འབྲི་ཆུའི་ཆུ་འགོའི་ཁུལ་ནས་པར་བླངས་པའི་ཆུ་ལམ་ཡིན་པ།
འདི་ནི་ཟླ་7ཚེས་21ཉིན་འབྲི་ཆུའི་ཆུ་འགོའི་ཁུལ་ནས་པར་བླངས་པའི་ཆུ་ལམ་ཡིན་པ།