འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་25ཉིན།

༄༅།།ཨ་རིའི་མེ་ཆེན་དེས་ས་ཆ་སྟོང་སྨི་གྲུ་བཞི་མ་57མེར་བསྲེགས་བཏང་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་25ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིའི་མེ་ཆེན་དེས་ས་ཆ་སྟོང་སྨི་གྲུ་བཞི་མ་57མེར་བསྲེགས་བཏང་ཡོད།
    མི་དམངས་དྲ་བའི་འཕྲིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་མེ་ཟོན་ཅུས་ཀྱི་དཔོན་རིགས་ཀྱིས་ས་ཆ་དེའི་དབུས་རྒྱུད་མ་ལི་པོ་ས་རྫོང་གི་མེ་ཆེན་ཉིན་གསུམ་འབར་ནས་སྟོང་སྨི་གྲུ་བཞི་མ་57ཙམ་གྱི་ས་ཆ་མེར་བསྲེགས་ཐེབས་པ་དང་། མི་སྟོང་ཕྲག་ཁ་ཤས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཡོད་ཅེས་བཤད།
   ས་གནས་དེ་གའི་མེ་ཟོན་ཅུས་ཀྱི་དཔོན་རིགས་ཀྱིས་ཚེས་24ཉིན་གྱི་སྔ་དྲོའི་བར་མེ་ཚོད་འཛིན་བྱེད་ཚད་0%ཡིན་པ་བཤད་པ་རེད། ཚེས་23ཉིན་ཅ་ཀྲོའུ་ཡི་འགོ་འཛིན་གཞུང་དོན་ཁང་གིས་མ་ལི་པོ་ས་རྫོང་ཛ་དྲག་གི་རྣམ་པར་སླེབས་པ་ཁྱབ་བསྒྲགས་བྱས་པ་རེད། 
ཚེས་23ཉིན་ཅ་ཀྲོའུ་ནགས་ལས་དང་མེ་ཟོན་ཅུས་ཀྱིས་མེ་ཆེན་དེས་ཉུང་མཐར་ཡང་བཟོ་བཀོད10མེད་པར་བཟོས་པ་མ་ཟད། བཟོ་བཀོད5ལ་གཏོར་སྐྱོན་ཕོག་ཡོད། མིག་སྔར་མི་400ལྷག་ཙམ་དང་མེ་གསོད་རླངས་འཁོར་45མེ་གསོད་སར་བཏང་ཡོད་ཅེས་བཤད། 
༄༅།།ཨ་རིའི་མེ་ཆེན་དེས་ས་ཆ་སྟོང་སྨི་གྲུ་བཞི་མ་57མེར་བསྲེགས་བཏང་ཡོད།