འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་19ཉིན།

༄༅།།ཨེ་ཤ་ཡ་གླིང་གི་ཐོག་མ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་19ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨེ་ཤ་ཡ་གླིང་གི་ཐོག་མ་རེད།
    མི་དམངས་དྲ་བའི་འཕྲིན། གོ་ལ་ཧྲིལ་པོའི་ཆེད་ལས་ཟོག་འདྲེན་གནམ་ཐང་ཨང་བཞི་པ་དང་། ཨེ་ཤ་ཡའི་ཆེད་ལས་ཟོག་འདྲེན་གནམ་ཐང་དང་པོ་སྟེ་ཨེ་ཀྲོའུ་ཧྭ་ཧུའུ་གནམ་ཐང་ཚེས་17ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
གནས་འདི་ནས་ཐོན་ཏེ་ཆུ་ཚོད་1.5ལ་འཕུར་སྐྱོད་བྱས་ན། འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་གྲོང་ཁྱེར་ཚུད་པའི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གྲོང་ཁྱེར་ཚོམས་ཆེ་གྲས་ལྔ་ཁེབས་ཡོད། རྒྱལ་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་གྱི་90%ལ་ཁེབས་པ་དང་། དངོས་ཟོག་རྣམས“ཉིན་གཅིག་ལ་རྒྱལ་ཡོངས་སུ་འབྱོར་རྒྱུ་དང་། ཉིན་མཚན་གཅིག་ལ་གོ་ལ་ཧྲིལ་པོར་འབྱོར་རྒྱུའི”དམིགས་ཚད་མངོན་འགྱུར་ཐུབ་རེ་ཡོད་པ་རེད།
   ཨེ་ཀྲོའུ་ཧྭ་ཧུའུ་གནམ་ཐང་གིས་ཉིན་མོར་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་དགོས་མཁོ་སྐོང་བ་དང་། མཚན་མོར་གཙོ་བོ་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད། བར་ཐག་སྤྱི་ལེ་100ལས་མི་བརྒལ་བའི་ས་ཁོངས་རང་བཞིན་གྱི་ལྟེ་བའི་གནམ་ཐང་སྟེ་ཝུའུ་ཧན་ཐན་ཧོ་རྒྱལ་སྤྱིའི་གནམ་ཐང་དང་མཁའ་འགྲུལ་འགྲུལ་ཟོག་གཉིས་ཀྱི་ལྟེ་བའི་རྣམ་པ་ཞིག་ཆགས་ཡོད་པ་རེད། ད་ལོ་ཧྭ་ཧུའུ་གནམ་ཐང་གིས་ཨེ་ཀྲོའུ་ནས་པེ་ཅིང་བར་དང་། ཧྲང་ཧའེ། ཧྲེན་ཀྲེན། ཞ་མོན། ཁྲུང་ཆིང་། ཁྲེང་ཏུའུ། ཁུན་མིང་། ཆིང་ཏའོ། ཉིང་པོ་སོགས་བར་གྱི་འགྲུལ་སྐྱེལ་མཁའ་ལམ་དང་། ཨེ་ཀྲོའུ་ནས་ཧྲེན་ཀྲེན་དང་། ཧྲང་ཧའེ། ཧྥ་ལན་ཁེ་ཧྥུའུ། ཏ་པན་སོགས་བར་གྱི་ཟོག་འདྲེན་མཁའ་ལམ་རིམ་བཞིན་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།