འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་13ཉིན།

༄༅།།ཨ་རིའི་བར་སྣང་འཇིག་རྟེན་གྱི་འདྲ་པར་འདི་ཡོངས་བསྒྲགས་བྱས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་13ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིའི་བར་སྣང་འཇིག་རྟེན་གྱི་འདྲ་པར་འདི་ཡོངས་བསྒྲགས་བྱས་འདུག
   མི་དམངས་དྲ་བའི་འཕྲིན། ཚེས་11ཉིན་ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ཕོ་བྲང་དཀར་པོ་ནས་ཇམ་སི་·ཝེ་པུའི་བར་སྣང་རྒྱང་ཤེལ་གྱིས་པར་བརྒྱབ་པའི་བར་སྣང་འཇིག་རྟེན་གྱི་མཚོན་མདོག་པར་རིས་ཡོངས་བསྒྲགས་བྱས་པ་དང་། པར་བརྒྱབ་པ་དེ་ནི་སྐར་མའི་ཚོགས་པ“SMCS0723”ཡིན་པ་རེད། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་འདི་ནི་ད་བར་བར་ཐག་རིང་ཤོས་དང་ཆེས་གསལ་བའི་འཇིག་རྟེན་དམར་ཕྱིའི་པར་རིས་ཤིག་རེད་ཅེས་བཤད། 
དེ་ནི་ཟླ་7ཚེས་11ཉིན་ཨ་རིའི་ཝ་ཧྲིང་ཐོན་གྱི་ཕོ་བྲང་དཀར་པོའི་སྙན་ཞུའི་ཚོགས་འདུའི་ཐོག་འགྲེམས་སྟོན་བྱས་པའི་ཇམ་སི་·ཝེ་པུའི་བར་སྣང་རྒྱང་ཤེལ་གྱིས་པར་བརྒྱབ་པའི་འདྲ་པར་གྱི་གྲས་ཤིག་རེད།