འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་7ཉིན།

༄༅།།ཀན་སུའུ་ཞིང་ཆེན་གྱིས་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་བའི་བྱེད་ཐབས་བཏོན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་07ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀན་སུའུ་ཞིང་ཆེན་གྱིས《ལས་ཞུགས་སྔར་བས་བརྟན་པོ་དང་རྒྱ་ཆེར་གཏོང་བའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཏོན་ནས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་དང་ལས་གནས་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་རོགས་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་ལས་ཞུགས་ཀྱི་ཞབས་འདེགས་ལེགས་སུ་གཏོང་བ་སོགས་ཕྱོགས་6ཐད་ཀྱི་བྱེད་ཐབས་ཁག་18བཏོན་པ་རེད།
   ཀན་སུའུ་ཞིང་ཆེན་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བར་མཐོངས་རྒྱ་ཆེར་བཏང་ནས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”དང་། དམིགས་བསལ་ལས་གནས་ཀྱི་དགེ་རྒན། ནུབ་རྒྱུད་འཆར་གཞི་སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱས་ནས“ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དཀྱུས་མ་ཁྲི་1གཞི་རིམ་དུ་ལས་ཞུགས་བྱེད་པའི”དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་འདི་ལོའི་ལས་མི་བསྡུ་བའི་གཞི་ཁྱོན་མི་ཁྲི་1.7ལས་མི་ཉུང་བའི་འགན་ལེན་བྱ་རྒྱུ་དང་། ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་པ་མ་ཟད། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་གཏན་འབེབས་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་བསྡུ་ལེན་གྱི་ཁ་གསབ་སྤྲོད་རྒྱུ། སློབ་ཐོན་ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་པ་མ་ཟད། ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་ལས་ཤོར་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལ་གཏན་འབེབས་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་གནས་མང་གཏོང་གི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། མཐོ་སློབ་སློབ་ཐོན་སློབ་མ་སོགས་ན་གཞོན་ཚོགས་སྤྱིར་ལས་ཞུགས་ལྟ་སྦྱོང་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་ལས་གནས་ཁྲི་1ལས་མི་ཉུང་བ་མཁོ་འདོན་བྱེད་རྒྱུ་འབྲེལ་གཏན་འབེབས་ལྟར་ལྟ་སྦྱོང་ཚན་པར་མི་རེར་ཟླ་རེར་སྒོར་1000ཡི་ལྟ་སྦྱོང་ཁ་གསབ་སྤྲོད་རྒྱུ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་། ངལ་ནུས་ཡོད་ལ་ལས་ཞུགས་བྱེད་འདོད་ཡོད་པའི་དབུལ་སྒྲོལ་ཁྱིམ་ཚང་། མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་། ལས་ཞུགས་མེད་པའི་ཁྱིམ་ཚང་བཅས་དང་དེ་བཞིན་དབང་པོ་སྐྱོན་ཅན་གྱི་མཐོ་སློབ་སློབ་ཐོན་སློབ་མ་དང་། ཡུན་རིང་ལས་ཤོར་གྱི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ལས་ཞུགས་རོགས་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ནས། ལས་རིགས་གསོ་སྦྱོང་དང་ལས་ཞུགས་ལྟ་སྦྱོང་ནང་སྔོན་ལ་ཞུགས་རྒྱུའི་སྒྲིག་འཛུགས་བྱེད་པ། ལས་ཞུགས་ལ་དངོས་འབྲེལ་དཀའ་ངལ་ཡོད་མཁན་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱུད་ཐ་སྐྱོང་བཀོད་སྒྲིག་བྱེད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་པ་རེད།