འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་1ཉིན།

༄༅།།བོད་ལྗོངས་ཉིང་ཁྲིའི་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ས་མཐོའི“མཁའ་དབྱིངས་དང་ས་སྟེང་གཞི་གཅིག”
གི་རོགས་སྐྱོབ་མ་ལག་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་01ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ་མཁའ་དབྱིངས་ནས་འཕྲལ་སྡོམ་རོགས་སྐྱོབ་བྱ་གཞི་འཚོལ་ཞིབ་བྱས་པ་རེད།
     ཉིང་ལག་རུ་ཁག་དེས་ས་གནས་དེ་གའི་གནོད་འཚེའི་དོན་རྐྱེན་གྱི་ཁྱད་ཆོས་ལ་དམིགས་པ་དང་ལས་འགན་གྱི་དུས་བབ་ལ་གཞིགས་ཏེ། དངོས་འཐབ་རྒྱབ་ལྗོངས་སུ་བྱས་ནས་ཐད་འཕུར་གནམ་གྲུས་མཁའ་དབྱིངས་ནས་སྐོར་སྲུང་དང་། ཐག་པར་འཁྱུད་ནས་འབབ་པ། གོ་མཚོན་ཐོགས་ཏེ་གནམ་གྲུ་ནས་འབབ་པ་སོགས་ཀྱི་རྣམ་གྲངས་སྦྱོང་བརྡར་བྱས་པ་དང་། ཉིང་ཁྲིའི་རི་མཐོ་གཡང་གཟར་གྱི་དམིགས་བསལ་ས་བབ་ཀྱི་ཁྱད་ཆོས་ལ་དམིགས་ཏེ། འཕུར་སྐྱོད་ཀྱི་ཆ་རྐྱེན་ཡག་པོ་མེད་པ་དང་གྲོག་རོང་ནས་ཆུ་ལེན་དཀའ་བ་སོགས་ཀྱི་དོན་དངོས་གནད་དོན་གཙོ་གནད་དུ་སེལ་ཆེད་གཙོ་བོ་ལད་ཟློས་ནང་སྦྱོང་དང་དངོས་འཐབ་སྦྱོང་བརྡར་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་རིགས་པས་ཁུངས་སྐྱེལ་གང་ལེགས་དང་དངོས་འཐབ་ལ་ཞིབ་དཔྱད་བྱས་པས། མེ་གསོད་རླངས་འཁོར་གྱིས་ཆུ་ཟོམ་ནང་ཆུ་བླུག་པ་དང་ཆུ་ཏུན་50ཟིན་པའི་ཐང་སྟོང་གི་ཆུ་རྫིང་ནས་ཆུ་ལེན་པའི་བྱ་ཐབས་འཚོལ་ཞིབ་ཐུབ་སྟེ། ཆུ་ལེན་པའི་ཆ་རྐྱེན་ལ་ཚད་བཀག་ཡོད་པ་དང་འཕྲལ་མཁོ་དང་དཀའ་ངལ་ཆེ་བའི་ལས་འགན་སྒྲུབ་པའི་དགོས་མཁོར་ཁ་གཏད་གཅོག་ཐུབ་པ་བྱུང་བ་རེད།