འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་1ཉིན།

༄༅།།ཚེ་རིང་ཉི་མ་གཞུང་གཏུག་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་01ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཚེ་རིང་ཉི་མར་ལྐོག་རྔན་ལེན་པའི་ཉེས་གསོག་དོགས་གཞི་ཡོད་པའི་གྱོད་གཞི་དེ་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་སྟག་རྩེ་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།
   ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ནང་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ཚེ་རིང་ཉི་མར་ཡོད་པའི་གཏུག་བཤེར་བྱེད་དབང་ཤེས་སུ་བཅུག་པ་མ་ཟད། བཅའ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་པ་དང་དག་འབུད་བྱེད་མཁན་གྱི་བསམ་འཆར་ཉན་འཇོག་ཀྱང་བྱས་པ་རེད། 
སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཚེ་རིང་ཉི་མས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་དང་། སྟག་རྩེ་ཆུས་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བའི་ལས་གནས་བཟུང་བའི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་གཉེར་བ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བསྡུས་ནས་གྲངས་འབོར་ཧ་ཅང་ཆེན་པོ་ཡོད་པས་ཁྲིམས་ལྟར་ལྐོག་རྔན་ལེན་པའི་ཉེས་པ་བསགས་པར་བརྩིས་ནས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།