འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་30ཉིན།

༄༅།།མཚོ་སྔོན་གྱིས་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་མཐུན་པའི་སྨན་བཅོས་སྒྲིག་གཞི་སྒྱུར་
བཅོས་ཀྱི་ལམ་བུར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་30ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བ་ཟི་ལིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་28ཉིན་འཚོགས་པའི“མཚོ་སྔོན་གྱི་ལོ་བཅུ”ཞེས་པའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཤིའུ་ཀྲུང་གིས་ལོ་མང་རིང“བདེ་ཐང་མཚོ་སྔོན”འཛུགས་སྐྲུན་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། 2009ལོ་ནས་བཟུང་རེས་སྐོར་གསར་པའི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ལག་བསྟར་བྱས་ཚུན་དང་ལྷག་པར་དུ་2015ལོར་མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཞིང་ཆེན་ཁག་དང་པོའི་གྲས་སུ་བཅུག་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི“རྒྱལ་མཚོན་མིང་ཅན”ཆེ་གྲས་གསུམ་གྱི་སྒྱུར་བཅོས་ཀྱི་གྲས་དང“བདེ་ཐང་མཚོ་སྔོན”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩི་བ་དང་། “ནོར་སྲིད་ཆུང་ངུས་དམངས་འཚོའི་ལས་དོན་ཆེན་པོ་སྒྲུབ་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་རིག་སྨན་རྫས་བཅས་མཐུན་སྦྱོར་མཉམ་འགུལ་ཡོང་བར་དམ་པོར་དམིགས་པ། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཁག་ལྔ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། གཞི་རྩ་འགན་སྲུང་ལ་གཞི་ཚུགས་པ་དང་། གཞི་རིམ་སྟོབས་ཆེར་གཏོང་བར་ཤུགས་སྣོན་རྒྱག་པ། ལམ་སྲོལ་འཛུགས་རྒྱུ་མངོན་གསལ་དོད་པོ་ཡོང་བ། རྩེ་རིམ་ཇུས་འགོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་ཧུར་ཐག་བཅས་བྱས་ནས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
    བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ལག་བསྟར་བྱས་ཚུན། མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་འགྲོ་གྲོན་སྤྱོད་ཚད་ཀྱིས་GDPཡི་བསྡུར་གྲངས་བཟུང་ཚད་དེ་2008ལོའི་5.87%ནས་2020ལོའི་11.97%བར་འཕར་བ་དང་། གྲོང་མི་མི་སྒེར་གྱི་འཕྲོད་བསྟེན་འགྲོ་གྲོན་གཏོང་སྒོ་33.01%ནས་24.9%བར་ཆག་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་73.96བར་རིང་དུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་སྒྱུར་བཅོས་ཀྱི་ཐོབ་སྣང་རིམ་བཞིན་ཆེ་རུ་ཕྱིན་པ། “སྨན་བཅོས་འགྲོ་སོང་མཐོ་བ་དང་ནད་ལྟ་དཀའ་བའི”རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་ལས་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་མཐུན་པའི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་ལམ་བུར་བསྐྱོད་ཡོད་པ་རེད།