འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་30ཉིན།

༄༅།།བོད་ལྗོངས་ནག་ཆུའི་རོལ་དབྱངས་ཏང་གི་སློབ་ཚན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་30ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་ཉིན་རེའི་ཚགས་པར་གྱི་དུད་སྣེར་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་ཆེད། ཟླ་6ཚེས་25ཉིན་གྱི་དགོང་མོ། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཨུད་ཏང་གི་སློབ་གྲྭས་གཙོ་གཉེར་བྱས་པའི“ལོ་ངོ་བརྒྱའི་འབད་འཐབ་ལམ་བུ། རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད”ཅེས་པའི་བདུན་གཅིག་གི་བརྗོད་དོན་གཙོ་བོའི་རོལ་དབྱངས་ཏང་གི་སློབ་ཚན་དེ་གྲོང་ཨུད་ཏང་གི་སློབ་གྲྭར་ཁྲིད་འགོ་ཚུགས་ཡོད། རོལ་དབྱངས་ཏང་གི་སློབ་ཚན་ནི་ཏང་གི་ལོ་རྒྱུས་དང་གསར་བརྗེའི་རོལ་དབྱངས་རྩེ་གྲ་ནང་དོན་གཙོ་བོར་བྱེད་པ་དང“ཏང་གི་ལོ་རྒྱུས་དང་། གཏམ་རྒྱུད། རོལ་དབྱངས”བཅས་ཟུང་དུ་འབྲེལ་བའི་དམིགས་བསལ་གྱི་འཁྲབ་སྟོན་རྣམ་པ་སྤྱད་དེ་རོལ་དབྱངས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། འཁྲབ་སྟོན་ཞོར་དུ་འཆད་ཁྲིད་བྱེད་པའི་རིག་རྩལ་སྒྲོག་འགྲེལ་གྱི་རྣམ་པ་སྤྱད་དེ་རོལ་དབྱངས་ལོ་རྒྱུས་དངོས་མཚོན་གློག་བརྙན་དང་། མཉམ་འདྲེས་རོལ་དབྱངས། རོལ་ཆ་སོགས་བཏང་བ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་བཏོད་པའི་གྲུབ་འབྲས་རླབས་པོ་ཆེ་རབ་དང་རིམ་པ་མངོན་པར་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་རྒྱུ་རེད།
    ད་ཐེངས་ཀྱི་རོལ་དབྱངས་ཏང་གི་སློབ་ཚན་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རོལ་དབྱངས་ཉམས་ལེན་ནུས་པ་ཆེ་རུ་ཕྱིན་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དངོས་ཕན་རང་བཞིན་དང་གསོན་ཉམས་རང་བཞིན་ཆེ་རུ་ཕྱིན་ནས་ཕན་འབྲས་བཟང་པོ་ཐོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སླད་ཕྱིན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། ནག་ཆུ་འདི་ཉིད་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།