འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་29ཉིན།

༄༅།།བོད་ལྗོངས་བྲག་གཡབ་རྫོང་མཁར་སྒང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་
ཁང་གི“སློབ་ཁང་ཆེན་པོར”སློབ་ཁྲིད་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་29ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་། “དམིགས་སར་འབྱོར་བ་གསུམ”གྱི་བླང་བྱ་དོན་འཁྱོལ་བྱེད་པ། གཡུལ་སའི་ཐོན་ཁུངས་སྡེབ་སྒྲིག་ནུས་ལྡན་བྱེད་པར་སྐུལ་འདེད་བཅས་གཏོང་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་གིས་གཉེར་བའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི“སློབ་ཁང་ཆེན་པོར”སློབ་ཁྲིད་བྱེད་འགོ་ཚུགས་པ་རེད།
   ད་ཐེངས་ཀྱི“སློབ་ཁང་ཆེན་པོར”ཤང་དེའི་བེའུ་མགོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས“ཏང་སྲིད་ལས་ཁུངས་ཀྱི་གཞུང་ཡིག་རྩོམ་འབྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་འཆད་ཁྲིད་ཐེངས་དང་པོ་བྱས་པར། ཤང་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་39ཞུགས་ཡོད། འཆད་ཁྲིད་དེ“བརྟག་ཞིབ+སློབ་ཁྲིད”དང་། “དངོས་འཐབ+ཕན་ཚུན་དཔྱད་གཞིར་འཛིན་པ” “སློབ་སྦྱོང+སྤེལ་རེས”སོགས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ། “སློབ་ཁང་ཆེན་པོ”དེ་ཉིད་གྲོང་ཚོའི་ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་མཐོ་ས་དང་། རྩོམ་འབྲི་དངོས་འཐབ་ཀྱི་གར་སྟེགས། ཉམས་མྱོང་སྤེལ་རེས་ཀྱི་ལས་སྟེགས་བཅས་སུ་འགྱུར་བ་བྱས་པ་རེད།