འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་25ཉིན།

༄༅།།དམངས་ཕྱུག་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད།

——སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཀན་སུའུ་ཡི་ལེའུ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་25ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་6ཚེས་11ཉིན་པར་བླངས་པའི་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐན་ཧྥུའུ་མིན་གྲོང་གསར་གྱི་རྣམ་པ་ཡིན་པ།
འདི་ནི་ཟླ་6ཚེས་11ཉིན་པར་བླངས་པའི་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐན་ཧྥུའུ་མིན་གྲོང་གསར་གྱི་རྣམ་པ་ཡིན་པ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་ཐེངས་གཉིས་གནང་བ་མ་ཟད། ཀན་སུའུ་ཡི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཀན་སུའུ་ཡི་འཕེལ་རྒྱས་ལ་ངེས་གནས་གཏན་འཁེལ་དང་། འཆར་གཞི་བཀོད་པ། ཁ་ཕྱོགས་གསལ་སྟོན་བཅས་གནང་བ་རེད།
     ཀན་སུའུ་ཡི་བུ་ཕྲུག་ཁྲི་2500ཡིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་འབད་འཐབ་ཧུར་ཐག་བྱས་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་སྐྲུན་པ་དང་དམངས་ཕྱུག་ཀན་དར་གྱི་རྣམ་པ་གསར་པ་གཏོད་ཆེད་འབད་འབུངས་བྱས་ཏེ་དུས་རབས་གསར་པའི་ཀན་སུའུ་ཡི་འཆར་གཞི་གསར་པ་བཀོད་ཡོད།
     “མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ཏང་གི་བྱ་གཞག་ཡིན”
     “གནམ་འོག་གི་ས་ཆ་སྐྱོ་ཤོས་སུ་གྲགས་པ་ནི་དེ་སྔོན་ཀན་སུའུ་ཡི་ས་ཆ་མང་པོ་ཞིག་གི་དོན་དངོས་རེད། འཐུང་ཆུ་དཀོན་པ་དང་ཕྱིར་སྐྱོད་པའི་ལམ་ཡག་པོ་མེད་པ་བཅས་ཀྱི་གནས་ཚུལ་ཧ་ལམ་གྲོང་ཚོ་དབུལ་པོ་ཚང་མར་ཁྱབ་ཡོད།
     2013ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཏིང་ཤིས་གྲོང་ཁྱེར་ཝེ་ཡོན་རྫོང་ཡོན་ཀུའུ་ཏུའེ་གྲོང་ཚོ་དང་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་ཏུང་ཤང་རིགས་རང་སྐྱོང་རྫོང་པུའུ་ལང་ཀོའུ་གྲོང་ཚོར་ཕེབས་ནས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་རེད།
     ཀན་སུའུ་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཡིན་ཞིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་ཡག་པོ་ཡོད་མེད་དང་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་གང་འདྲ་བྱུང་ཡོད་མེད་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་གཟིགས་ཞིབ་གནང་བ་རེད།
     2019ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐན་སྐྱེ་ཁམས་གནས་སྤོས་ཡུལ་མིའི་ཁུལ་གྱི་དམངས་ཕྱུག་གྲོང་གསར་དུ་ཕེབས་ནས། ཏང་གི་ལས་དོན་མཐའ་དག་མི་སེར་གྱི་ཁེ་ཕན་ཆེད་བསམ་བློ་གཏོང་བ་དང་མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ཏང་གི་བྱ་གཞག་རེད་ཅེས་ནན་བཤད་གནང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ལ་བཅངས་པའི་བརྩེ་སེམས་ལས། ཀན་སུའུ་ཡི་རིམ་ཁག་ཏང་ཡོན་ལས་བྱེད་པར་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཧུར་ཐག་ཞུགས། རིམ་པ་བཞིན“འགན་འཁྲིའི་ཡི་གེ”བཞག་པ་དང“དམག་བཀའ་དང་ལེན་ཞུ་ཡིག”ཕུལ་བ་མ་ཟད། རོགས་སྐྱོར་འགན་འཁུར་བ་ཁྲི་36དང་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་མི་སྣ་ཁྲི་7.45དབུལ་སྐྱོར་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ལ་ཞུགས། 2020ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་552ཚང་མ་དབུལ་སྒྲོལ་ཐུབ་པ་མ་ཟད། མང་ཚོགས་ཕྱིར་འགྲོར་ལམ་ཡག་པོ་མེད་པ་དང་འཐུང་ཆུ་དཀོན་པ་སོགས་དུས་ཡུན་རིང་པོའི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད།
     ཡོན་ཀུའུ་ཏུའེ་གྲོང་ཚོའི་ཡུལ་མི་ཙེང་ཡུས་ཁྲེང་ལ་སྔོན་མ“སེམས་ཁྲལ་གཉིས”ཡོད་པ་སྟེ། གཅིག་ནི། ཞིང་ཞོར་ཐོན་རྫས་དབོར་མི་ཐུབ་པའི་རྐྱེན་གྱིས་རུལ་འགྲོ་བ་དང་། གཉིས་ནི་རིན་གོང་མཐོ་པོ་མི་རག་པ་དེ་རེད། ཨར་འདམ་ལམ་སྒོ་རྩར་ཤར་གཏོང་ཐུབ་པ་ནས་བཟུང་། ཁོང་གིས་ནང་བཤུག་བླངས་པའི་ས་ཞིང་དུ་ལུག་མཉེ་མེ་ཏོག་དང་ཏང་ཧྲེང་བཏབ་པས་གྲོང་ཚོའི་འདེབས་འཛུགས་དུད་ཆེན་ལ་གྱུར། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀུའོ་ལེན་པིན་གྱིས་2013ལོའི་གོང་ཡོན་ཀུའུ་ཏུའེ་གྲོང་ཚོར་ཨར་འདམ་ལམ་སྤྱི་ལེ་2.4ལས་མེད། ད་ཆ་གྲོང་ཚོ་དང་ཚོགས་ཆུང་ཚང་མར་ཨར་འདམ་ལམ་བསྐྲུན་པས་ཕྱིར་སྐྱོད་ན་སྟབས་བདེ་པོ་ཡོད་ཅེས་བརྗོད། 2018ལོར་ཡོན་ཀུའུ་ཏུའེ་གྲོང་ཚོའི་དབུལ་པོའི་ཞྭ་མོ་ཕུད་པ་དང་2021ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.2ཟིན་ཡོད།
     མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་ཆེད། ཀན་སུའུ་ཡིས་འགོ་འཛུགས་ས་གསར་པར་དབུལ་སྒྲོལ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ནོར་སྲིད་མ་དངུལ་རྨང་གཞིའི་རང་བཞིན་དང་། ཀུན་ཕན་གྱི་རང་བཞིན། ཐ་སྐྱོང་གི་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་གཅིག་སྡུད་བཏང་བ་དང་དམངས་འཚོའི་གཏོང་སྒོ་ནས་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོ་ནས་བཟུང་བའི་བསྡུར་ཚད་ལོ་ལྟར་80%ལྷག་ཙམ་རྒྱུན་འཁྱོངས་དང་། རིམ་ལྔའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ། རྒན་གསོའི་སྒྲིག་གཞི་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཁྱབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་ཀན་སུའུ་ཡི་ས་གཞི་ཆེན་མོར་བདེ་སྐྱིད་ཀྱི་རྣམ་པས་ཁེངས།
     “སྐྱེ་ཁམས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་དགོས”
     ཟླ་6པར་མདོ་ལ་རིང་མོའི་བྱང་འདབས་ཀྱི་ཏ་མ་ཡིང་རྩྭ་ཐང་དུ་ནེའུ་གསིང་གཡུ་ཡིས་བརྒྱན་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ལོ་གསུམ་གོང་གི་2019ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་ནས་མདོ་ལ་རིང་མོའི་སྐྱེ་ཁམས་སླར་གསོ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
     མདོ་ལ་རིང་མོ་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ཞིང་། སྐབས་ཤིག་རིང་གསར་སྤེལ་ཚོད་མེད་བྱས་པས། འཁྱགས་ས་དང་། སྔོ་ཁེབས། སྐྱེ་ཁམས་བཅས་ལ་གཏོར་བཤིག་ཚབས་ཆེན་ཕོག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བས་ཀན་སུའུ་ཡི་ལས་བྱེད་པ་རྨོང་གཉིད་ལས་བསད་པ་རེད།
     ཀན་སུའུ་ཡིས་ལག་པ་གཅོད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་144ཚང་མ་རིགས་དབྱེ་ནས་ཕྱིར་འཐེན་དང་། ཆུ་ཤུགས་གློག་ཁང་42ཚང་མ་རིགས་དབྱེ་ནས་ཐག་གཅོད། ཡུལ་སྐོར་སྒྲིག་བཀོད་རྣམ་གྲངས་25ཕྱོགས་ཡོངས་ནས་བཅོས་སྒྲིག་བཅས་བྱས་ཏེ། མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཡོད། 2019ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས“ཞིབ་བཤེར་རྩིས་ལེན”གནང་སྟེ་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོང་ལས་དོན་གྱི་དུས་མཚམས་རང་བཞིན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས“ང་ཚོ་དུས་མཚམས་འདི་བར་འཕེལ་རྒྱས་བྱུང་བས་ལྷོད་གཡེང་བྱས་ནས་བསྡད་ན་འགྲིག་ཐབས་མེད” “སྐྱེ་ཁམས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་དགོས”ཞེས་མངགས་བཅོལ་ཟབ་མོ་གནང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཀན་སུའུ་ཡིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། སྐྱེ་ཁམས་ཐོན་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ་སྔོ་ལྗང་ལ་བརྟེན་ནས་ཕྱུར་འགྱུར་ཡོང་བ་བྱས་ཡོད།
     རླུང་གློག་ཐོན་ཁུངས་འབེལ་བའི་ཞིང་ཆེན་གྱི་ངོས་ནས། ཀན་སུའུ་ཡིས“ཐཱན་གཉིས”ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ཇུས་འགོད་བྱས་ནས་རླུང་འོད་གློག་གསུམ་གྱི་གསར་སྤེལ་གྱི་བཀོད་པ་ལེགས་སུ་བཏང་ཡོད། ཅིའུ་ཆོན་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་རླུང་གློག་རྟེན་གཞི་བསྐྲུན་པ་དང་ཧྭ་ནུས་ཀན་སུའུ་ལུང་ཏུང་གི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་མང་གསབ་རེས་ཕྱོགས་བསྡུས་ནུས་རྒྱུའི་རྟེན་གཞི་བསྐྲུན་ནས། རྣམ་གྲངས་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་1000ཡན་ཟིན་ཡོད།
     2021ལོར་ནུས་རྒྱུ་གཙང་མ་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྔོན་ཐོན་བཟོ་སྐྲུན་སོགས་མཚོན་བྱེད་དུ་བྱས་པའི་སྐྱེ་ཁམས་ཐོན་ལས་ཆེན་པོ་བཅུའི་རིན་ཐང་འཕར་མས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནས་བཟུང་བའི་བསྡུར་ཚད་27%ཟིན་ཡོད། ནུབ་བྱང་གི་རྒྱལ་ཁབ་རིམ་པའི་ཁུལ་གསར་ཐོག་མ་ལན་ཀྲོའུ་ཁུལ་གསར་གྱིས་སྐྱེ་ཁམས་ཐོན་ལས་འབོར་ཆེན་གཞིས་ཆགས་པར་ཡིད་དབང་བཀུག་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་ལྔ་བསྟུད་མར་རྒྱལ་ཁབ་རིམ་པའི་ཁུལ་གསར་གྱི་མདུན་གྲལ་དུ་སླེབས་ཡོད།
     སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ལ་མ་ཡུམ་གཙང་པོ་བཅངས་ཤིང་། 2019ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལན་ཀྲོའུ་རུ་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འགན་འཁུར་བློ་མཐུན་ལ་དང་ཐོག་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་། ས་ཆུ་སྲུང་འཛིན། སྦགས་བཙོག་འགོག་བཅོས་བཅས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་དགོས་པ་དང་། ལན་ཀྲོའུ་ཡིས་རྨ་ཆུའི་ཆུ་གཟུགས་དྭངས་གཙང་ཡོང་བར་སྔོན་ལ་ཤུགས་སྣོན་དང་སྣེ་ཁྲིད་ཡག་པོ་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།
     རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་མ་ལག་གཞི་རྩའི་ཆར་བཙུགས་པ་དང་། སྐྱེ་ཁམས་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་བསྟར་བྱས་པ་མ་ཟད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། 2021ལོར་ཀན་སུའུ་ས་ཁོངས་ཀྱི་རྨ་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་ས་ངོས་ཆུའི་བཅད་ཁ་41ལ་དཔྱད་ཞིབ་བྱས་ནས་ཆུ་སྤུས་ལེགས་པའི་བསྡུར་ཚད་92.68%ཟིན་ཡོད། ཀན་སུའུ་ཡིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་ཏན་ཏིག་བཏང་བས་སྐྱེ་ཁམས་མ་ལག་གི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
     “ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་མི་ཉམས་པའི་རྩ་བ་ཡག་པོ་སྲུང་དགོས”
     2019ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཏུན་ཧོང་མའོ་ཀའོ་བྲག་ཕུག་ལ་རྟོག་ཞིབ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏུན་ཧོང་རིག་གནས་ལས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གྱི་ཡོད” “ཏུན་ཧོང་རིག་གནས་ལ་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་སྙིང་སྟོབས་དང་རིག་གནས་ཀྱི་བློ་རྒྱ་མངོན་པར་བྱས་ནས་རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས”ཞེས་གསུངས་པ་རེད།
     ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་རིག་གནས་ཀྱི་གདེང་ཚོད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལ་བརྩི་སྲུང་ཞུས་ནས་ཉེ་བའི་ལོ་ཤས་རིང་ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད། ཏུན་ཧོང་ཞིབ་འཇུག་ཁང་གི་རིག་དངོས་སྲུང་སྐྱོང་དང་ཞིབ་འཇུག་སོགས་ཀྱི་ལས་དོན་ལ་སྐུལ་མ་ཧུར་ཐག་ཐེབས་པ་སྟེ། ཕྱི་རྒྱལ་དུ་གྱར་བའི་ཏུན་ཧོང་གི་རིག་དངོས་གྲངས་འཛིན་ཅན་གྱི་སླར་གསོའི་འདུ་འགོད་ལག་ལེན་བསྟར་བ་དང་། བྲག་ཕུག་གི་གནའ་རྫས་རྟོག་ཞིབ་སྙན་སེང་རྩོམ་སྒྲིག་དང་ཏུན་ཧོང་གི་ཚད་ལྡན་ཡིག་ཆ་རིགས་དབྱེ་ལེགས་སྒྲིག་དང་དཔེ་སྐྲུན་སོགས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བཏང་བ། 《ཏུན་ཧོང་སྒྱུ་རྩལ་ཚིག་མཛོད་ཆེ་མོ》སོགས་རིག་གཞུང་གི་ཆེད་རྩོམ་གལ་ཆེན་དཔེ་སྐྲུན་བྱས་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བློ་ལ་བརྟན་པོར་བཅངས་ནས། ཀན་སུའུ་ཡིས་ཀྲུང་གོའི་ཤེས་དཔལ་རྒྱུན་འཛིན་གསར་གཏོད་ཁུལ་དང་། ལྕགས་རི་རིང་པོ་དང་། རྒྱང་སྐྱོད། རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་བཅས་བསྐྲུན་པར་སྔར་བས་སྐུལ་འདེད་བཏང་ནས་རིག་དངོས་གྱང་དང་བྲག་ཕུག་ནས་བཏོན་ཏེ། མི་རྣམས་ཀྱི་མིག་ལམ་དུ་མངོན་པ་དང་རིག་གནས“མཆོག་ནོར”གྱི་ཤུགས་རྐྱེན་འཁོར་རྒྱ་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་མི་ཉམས་པའི་རྩ་བ་ཡག་པོ་བསྲུངས་ཡོད།