འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཨ་རིས་ཀྲུང་གོར་སྒོ་ཁྲལ་ཇེ་ཡང་དུ་གཏོང་རྒྱུའི་ཐག་གཅོད་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན་ཚོང་དོན་པུའུ་ཡིས་སྤེལ་བའི་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྨྱན་སྦྱོར་གྱིས་ཨ་རི་ཕྱོགས་ཀྱིས་ཉིན་ཤས་གོང་ཨ་རིས་ཀྲུང་གོར་སྒོ་ཁྲལ་ཇེ་ཡང་དུ་གཏོང་རྒྱུའི་དོན་དེར་ཐག་གཅོད་བྱ་རྒྱུའི་བསམ་གཞིགས་བྱེད་བཞིན་ཡོད། དོན་དེ་གྲོས་མཐུན་བྱུང་རྗེས་ཀྲུང་གོའི་ཕྱོགས་ཀྱིས་ཨ་ལན་ཇི་ལྟར་སློག་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྱང་དེ་དང་བསྟུན་ནས་སྒོ་ཁྲལ་ལེགས་སྒྲིག་བྱེད་སྲིད་དམ་ཞེས་དྲིས།
     ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཅེའུ་ཐིང་གིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་སྒོ་ཁྲལ་སྣོན་བསྡུ་བྱས་པ་ཚང་མ་མེད་པར་བཟོས་ཚེ་ཀྲུང་གོར་ཕན་པ་ཡོད་ལ། ཨ་རིར་ཕན་པ་ཡོད། འཛམ་གླིང་ལ་ཡང་ཕན་པ་ཡོད། མིག་སྔའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་བའི་གནས་བབ་འོག་ཀྲུང་གོར་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུ་སྔ་ཙམ་མེད་པར་བཟོས་ན་འཛད་སྤྱོད་པ་དང་ཁེ་ལས་ལ་སྔ་ཙམ་ཕན་པ་ཐོབ་ཐུབ། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀ་ཁ་ཕྱོགས་གཅིག་ཏུ་བསྐྱོད་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་པར་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་འོས་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་ཐག་དང་མཁོ་སྤྲོད་ཕྲེང་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་འོས།