འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཁ་པར་འདི་ལ་ངེས་པར་དུ་ཉན་དགོས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བཟོ་འཕྲིན་པུས་སྤྱི་དམངས་ལ“མགོ་སྐོར་གཏོང་རིགས་ལ་ངོ་རྒོལ་བྱེད་པའི་མིང་བྱང”གི་ཞབས་ཞུ་བཏོན་ནས། མང་ཚོགས་ལ་ཁ་པར་ཡོང་ཁུངས་གསལ་འབྱེད་ནུས་ལྡན་བྱ་རྒྱུར་རོགས་རམ་བྱས་ཏེ། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གྱི་ཉེན་ཟོན་སྔོན་བརྡ་དང་སྔོན་འགོག་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
     བཟོ་འཕྲིན་པུས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། ལས་དོན་དངོས་ཀྱི་ཁྲོད་མང་ཚོགས་ཀྱིས་ཉེན་ཟོན་ཁ་པར་དེ་མགོ་སྐོར་གཏོང་བའམ་ཡང་ན་བར་ཆད་བཟོ་བའི་ཁ་པར་ཡིན་པར་དོགས་ནས་ཁ་པར་ལ་མི་ཉན་པའི་གནས་ཚུལ་རྒྱུན་དུ་བྱུང་བཞིན་ཡོད། དེ་ཡིས་ཉེན་ཟོན་ཉེན་བརྡ་དང་བཀག་སྡོམ་བསླབ་བྱ་ལེགས་གྲུབ་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། གོང་གསལ་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་ཆེད། བཟོ་འཕྲིན་པུའི་མགོ་སྐོར་གཏོང་རིགས་ལ་ངོ་རྒོལ་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་མགོ་སྐོར་གཏོང་རིགས་ལ་ངོ་རྒོལ་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། ཀྲུང་གོའི་གློག་འཕྲིན་དང་། ཀྲུང་གོའི་སྤོ་འགུལ། ཀྲུང་གོའི་འཕྲིན་སྦྲེལ་སོགས་སྒྲིག་འཛུགས་བྱས་ནས“མགོ་སྐོར་གཏོང་རིགས་ལ་ངོ་རྒོལ་བྱེད་པའི་མིང་བྱང”བཏོན་པ་དང་། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་མགོ་སྐོར་གཏོང་རིགས་ལ་ངོ་རྒོལ་གྱི་ཉེན་ཟོན་སྔོན་བརྡའི་ཁ་པར་ཨང་གྲངས་ལ་མཚོན་རྟགས་འགོད་པ་དང་ཁ་པར་ཐོན་དུས་དྲན་སྐུལ་བྱས་ཏེ། མང་ཚོགས་ཀྱིས་ཁ་པར་ཡོང་ཁུངས་གསལ་འབྱེད་ནུས་ལྡན་ཐུབ་རྒྱུར་རོགས་རམ་བྱས་ནས། ཉེན་ཟོན་ཁ་པར་གྱི་དབང་གྲགས་རང་བཞིན་དང་དུས་ཐོག་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུ་རེད། 
     བཟོ་འཕྲིན་པུས་དྲན་སྐུལ་བྱས་པར་གཞིགས་ན། གལ་ཏེ་སྤྱོད་མཁན་ལ“མགོ་སྐོར་གཏོང་རིགས་ལ་ངོ་རྒོལ་བྱེད་པའི་མིང་བྱང”གི་མཚོན་རྟགས་ལྡན་པའི་ཉེན་ཟོན་བཀག་སྡོམ་བསླབ་བྱའི་ཁ་པར་འབྱོར་ཚེ་བློ་བདེ་པོས་ཉན་ཆོག་གི་ཡོད། གལ་སྲིད་དོགས་གནད་ཡོད་ཚེ་96110ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་རོགས།