འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་དུང་ཕྱུར་4.5བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ལུའུ་ཐུའུ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་དཔོན་རིགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་23ཉིན། ཨ་རིས་སླར་ཡང་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་དུང་ཕྱུར་4.5བྱ་རྒྱུ་རེད། དེའི་ནང་རྒྱང་རིང་མེ་ཤུགས་འཕུར་མདའི་མ་ལག་དང་། སྐོར་གཡེང་དམག་གྲུ། རྫས་མདེལ་སོགས་དེ་བས་མང་བ་ཚུད་ཡོད་ཅེས་བརྗོད་པ་རེད།
     གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་འཐབ་ཇུས་འབྲེལ་གཏུག་གི་འགན་འཁུར་མཁན་དཔོན་རིགས་ཇོང་•ཁོ་པིས་ཝ་ཧྲིང་ཐོན་གྱིས་ཅི་ཧྥུའུ་དང་མཉམ་ལས་དམ་ཟབ་བྱས་ནས་མཚོན་ཆ་ཁག་རེའི་ཁྲོད་ཀྱི་རིགས་གང་དག་གིས་ཁོང་ཚོའི་དགོས་མཁོ་སྐོང་ཐུབ་མིན་གཏན་འཁེལ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
     ཉིན་དེར་ཡུག་རེན་གྱི་རྒྱལ་སྲུང་པུའི་པུའུ་ཀྲང་ལེ་ཚི་ཉི་ཁོ་ཧྥུའུ་ཡིས་ཨ་རིའི“ཧའེ་མ་སི”ཚད་མཐོའི་འཕྲུལ་སྒུལ་མེ་ཤུགས་འཕུར་མདའི་མ་ལག་ཡུག་རེན་དུ་དབོར་ཟིན་ཅེས་བཤད་པ་རེད།
     ཨ་རིའི་སྲིད་གཞུང་གིས་ཚེས་15ཉིན་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་10ཡི་དམག་དོན་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེར་དམག་གྲུར་རྒོལ་བའི་མེ་ཤུགས་འཕུར་མདའི་མ་ལག་དང་། མེ་ཤུགས་འཕུར་སྒྱོགས། འབོམ་མདེལ། མདེལ་རྫས་བཅས་ཚུད་ཡོད།
     དེ་གོང་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་བར་ཐག་དེ་བས་རིང་བའི་འཕུར་མདེལ་མཁོ་འདོན་བྱས་ཚེ། མོ་སི་ཁོ་ཡིས་ཡུག་རེན་དུ་དམིགས་ཚད་གསར་པར་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད།