འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་6ཚེས་22ཉིན་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་དེ། ཕྱི་དངུལ་སྲིད་གཞུང་གི་བུ་ལོན་སྤྲོད་པའི་གནས་སྐབས་ཀྱི་གོ་རིམ་གཏན་འཁེལ་བྱས་པ་རེད། ཙུང་ཐུང་གི་བཀའ་རྒྱར་གཞིགས་ན། ལུའུ་པུའུ་སྤྱད་དེ་ཡོ་རོབ་བུན་འཛིན་སྤྲོད་རྒྱུ་དེ་ཨུ་རུ་སུས་བུ་ལོན་འཇལ་བའི་འོས་འགན་བསྒྲུབ་རྒྱུར་བརྩི་རྒྱུ་རེད། དེ་ལས་སྤྲད་པའི་ལུའུ་པུའུ་ཡི་དངུལ་གྲངས་ནི་ཕྱི་དངུལ་ལྟར་རྩིས་པའི་བུ་ལོན་གྱི་རིན་ཐང་དང་གཅིག་མཚུངས་ཡིན་དགོས་པ་མ་ཟད། སྤྲད་པའི་ཚེས་གྲངས་དེའི་དངུལ་བརྗེས་འཛའ་ཐང་ལྟར་རྩིས་རྒྱག་དགོས།
   ལྟ་ཀློག
“དེ་འདྲ་ཡིན་ན། ཨུ་རུ་སུས་ལུའུ་པུའུ་སྤྱད་ནས་ཕྱི་བུན་འཇལ་རྒྱུ།”
《ཨུ་རུ་སུའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ནོར་སྲིད་པུས་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་25ཉིན་གསལ་བསྒྲགས་སྤེལ་ནས། དེ་གོང་སྔོན་དཔག་བྱས་པ་ལྟར་ན། ཨ་རིས་ཨུ་རུ་སུའི་ཕྱི་བུན་གཙང་འཇལ་གྱི་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་དུས་འགྱངས་བྱས་མེད་པས། ཨུ་རུ་སུ་སྲིད་གཞུང་གིས་མུ་མཐུད་ཨ་སྒོར་སྤྲད་ནས་རྒྱལ་སྤྱིའི་བུ་ལོན་འཇལ་ཐབས་བྲལ་བ་དང་། ལུའུ་པུའུ་ཡིས་འཇལ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
   ཚེས་24ཉིན་ཨ་རིའི་ནོར་སྲིད་པུས་ཨུ་རུ་སུ་སྲིད་གཞུང་གིས་ཨ་རིའི་དངུལ་ཁང་བརྒྱུད་ནས་བུན་འཇལ་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་དུས་འགྱངས་གཏོང་མི་སྲིད་པ་དང་། ཁྲིམས་སྒོ་རང་བཙན་གྱི་དབང་ཆ་དེ་ཚེས་25ཉིན་དུས་ཚད་ཐིམ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས།
   གསལ་བསྒྲགས་ནང“ཨུ་རུ་སུའི་ནོར་སྲིད་པུའུ་ནི་འགན་འཁུར་བའི་དངུལ་བུན་གཡར་མཁན་ཡིན་པའི་ཆ་ནས། བུ་ལོན་ཚང་མ་མུ་མཐུད་འཇལ་འདོད་ཡོད་ཅེས་བསྐྱར་བསྒྲགས་བྱས་པ་རེད།དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ན། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཨ་སྒོར་གྱིས་རྒྱལ་ཁབ་ཀྱི་ཕྱི་བུན་འཇལ་ཐབས་བྲལ་བས། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དངུལ་ལོར་སྤྱད་ནས་འཇལ་རྒྱུ་རེད”ཅེས་བཀོད་ཡོད།