འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

འཛམ་གླིང་དངུལ་ཁང་གིས་རྒྱ་གར་ལ་དངུལ་བུན་གཏོང་རྒྱུའི་ཆོག་མཆན་བཀོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཚེས་23ཉིན། འཛམ་གླིང་དངུལ་ཁང་གིས་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་5.62ཟིན་པའི་དངུལ་བུན་ཁག་གསུམ་ལ་ཆོག་མཆན་བཀོད་དེ་དེ་དག་རྒྱ་གར་གྱི་ཀུའུ་ཅི་ལ་ཐེ་མངའ་སྡེའི་སློབ་གསོའི་རྣམ་གྲངས་ཤིག་དང་། ཐེ་སྨིར་ན་ཏེ་མངའ་སྡེའི་སྤྱི་ཚོགས་འགན་སྲུང་རྣམ་གྲངས་ཤིག་དང་དེ་བཞིན་ཉ་ལས་སྡེ་ཚན་ལ་རོགས་རམ་བྱེད་པའི་རྣམ་གྲངས་ཤིག་བཅས་ལ་སྤྱོད་རྒྱུ་ཡིན་པ་བསྟན།