འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཟླ་བ་ཏང་དང་ལས་གནས་གཉིས་ཀ་ནས་ཕུད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སྣང་རྫོང་རྫོང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། སྣང་རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་སྣང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་དེ་སྔར་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཅུས་ཀྲང་། འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་དཔོན་བཅས་ཡིན་པའི་ཟླ་བ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
   ཞིབ་བཤེར་བྱས་པ་བརྒྱུད། ཟླ་བའི་ཕུགས་བསམ་དང་དད་སེམས་ཉམས་པ་དང་ཐོག་མའི་བསམ་འདུན་དང་རྒྱབ་འགལ་བྱས་ཏེ་སྒྲིག་འགལ་ངང་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་དངུལ་གཡར་སྤྱོད་བྱས་པ་དང་། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་ཁྲིམས་འགལ་གྱིས་གཞུང་དངུལ་བཟུང་བ། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་རྣམ་གྲངས་སྒྲུབ་འགན་ལེན་པ་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བསྡུ་ལེན་དང་སློང་ལེན་བཅས་བྱས་ཡོད་པ་རེད།
   ཟླ་བས་ཏང་གི་སྤྱོད་གཙང་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་གྱི་ཉེས་ཚད་ལོན་པ་མ་ཟད། ལྐོག་ཟ་དང་རྒྱུ་རྔན་ཟ་ལེན་གྱི་ཉེས་གསོག་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཚོད་མི་བཟུང་ཞིང་མཚམས་མ་བཞག་པས་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྣང་རྫོང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་སྣང་རྫོང་སྒྲིག་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད། སྣང་རྫོང་སྒྲིག་ཨུད་ཀྱིས་ཟླ་བ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། སྣང་རྫོང་ལྟ་ཞིབ་ཨུ་ལྷན་གྱིས་ཟླ་བ་གཞུང་གི་ལས་གནས་ནས་འབུད་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད་པ་རེད།