འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།བོད་ལྗོངས་ནས་ཉེས་གསོག་དོགས་ཅན7འཛིན་བཟུང་བྱས་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཁོངས་གཏོགས་ས་ཁུལ་དུ་ཉེ་དུས་ལག་འཁྱེར་ཁ་པར་རྐུ་རྒྱག་པའི་གྱོད་གཞི་ཐོན་པར་དམིགས་ནས།ལྷ་ས་གྲོང་ཁྱེར་ཀརྨ་ཀུན་བཟང་མངགས་གཏོང་ཁང་གིས་ཉིན་ཤས་བསྟུད་མར་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་རང་འགུལ་གྱིས་ཕར་རྒོལ་བྱས་ཞིང་། རྐུན་མ་འཛིན་པའི་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ནས་མི་དམངས་ཉེན་རྟོག་པ་དུད་ཚང་དུ་འདྲི་རྩད་དང་། ཐེམ་ཐོའི་ལག་ཁྱེར་གཉེར་བ། གཙང་བཤེར།ལས་རིགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་ཞིབ་བཤེར་སོགས་བྱེད་པར་བསྐྱོད་ནས་དུས་དང་རྣམ་པ་ཀུན་ཏུ་རྐུ་ཟོན་གྱི་ལག་རྩལ་རྒྱུན་ཤེས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་ཁྲོམ་རྒྱུད་ཚོང་དུད་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ནས། སྐད་འཕྲིན་ཚོགས་པའི་ཐོག་རྐུ་འགོག་གི་འབྲེལ་ཡོད་ཤེས་བྱ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་དང་། དོན་གཅོད་ཁང་དང་ཉིན་རེའི་ཉེན་རྟོག་གནས་ཚུལ་བརྡ་ཁྱབ་ལམ་ལུགས་བཙུགས་ནས། མང་ཚོགས་དྲིལ་བསྒྲགས་བྱེད་སྒོར་ཞུགས་རྒྱུའི་སྐུལ་སློང་ཧུར་ཐག་བྱས་པ་རེད།
   དུས་ཡུན་ཉིན་གསུམ་རིང་གི་ལས་དོན་བསྒྲུབས་རྗེས། སྔ་རྗེས་སུ་རྐུ་རྒྱག་ཁྲིམས་འགལ་ཉེས་གསོག་དོགས་ཅན་7འཛིན་བཟུང་ཐུབ་པ་དེ་དག་གི་ལུས་ནས་ལག་འཁྱེར་ཁ་པར་8དང་། ཉེས་གསོག་ལག་ཆ་འཚེམ་ཁབ་10དང་ཁབ་འཁྱོག་2བཅས་རྩད་ཆོད་ལག་ཟིན་བྱུང་བ་རེད། མིག་སྔར། ཁྲིམས་འགལ་ཉེས་གསོག་དོགས་ཅན་7པོ་ཚང་མ་ཉེས་དོན་ཉེན་རྟོག་གི་རྐུན་མ་འཛིན་མཁན་རུ་ཆེན་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད།