འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།བོད་དུ་སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པ་5547ཡོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཁྲིམས་ལུགས་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་མིག་སྔའི་བར་བོད་དུ་སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པ་5547ཡོད་ཅིང་། དེ་དག་གིས་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་སུ་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ། མང་ཚོགས་ལ་ཐང་ཆེན་ཞབས་བྲོ་དང་། ལུས་རྩལ་ལུས་སྦྱོང་། ཐའེ་ཅི་དྲག་རྩལ་སོགས་ཁྱབ་གདལ་བཏང་ནས་བོད་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྲོ་སེམས་འཕེལ་བར་བྱེད་བཞིན་ཡོདཔ་རེད།
   སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་ནི་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོའི་ཁྲོད་དུ་རྩལ་ནུས་སློབ་ཁྲིད་དང་། སྦྱོང་བརྡར་ཁྲིད་སྟོན། སྒྲིག་འཛུགས་དོ་དམ་བཅས་བྱེད་མཁན་རེད་ལ། དམངས་ཡོངས་ཀྱི་ལུས་སྦྱོང་དྲིལ་བསྒྲགས་པ་དང་། ཚན་རིག་དང་མཐུན་པའི་ལུས་སྦྱོང་མཛུབ་ཁྲིད་པ། མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་སྒྲིག་འཛུགས་པ། ལུས་རྩལ་ཐང་གི་སྒྲིག་བཀོད་སྲུང་སྐྱོང་པ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཀྱི་སྣེ་འདྲེན་པ་བཅས་ཀྱང་རེད། བོད་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་དཔུང་ཁག་གིས“ལེགས་སྐྱེས་དང་། ཞབས་ཞུ། བདེ་ཐང་། སྤྲོ་སྐྱིད”བཅས་ཀྱི་དམིགས་ཡུལ་སེམས་ལ་བཅངས་ཏེ་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་ལག་ལེན་བསྟར་བ་དང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།