འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས“2022ལོའི་བསིལ་ རླུང་བྱ་སྤྱོད”མུ་མཐུད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་དང་ཞིང་ལས་གྲོང་གསེབ་པུའུ་སོགས་པུའུ་ཨུད་11གིས་མཉམ་དུ་སྤེལ་བའི《“2022ལོའི་བསིལ་རླུང་བྱ་སྤྱོད”སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར། ཉེ་ཆར་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྣེ་ཁྲིད་དེ་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། ཞིང་ཨུད་དྲ་འཕྲིན་གཞུང་ལས་ཁང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་འགྲིམ་འགྲུལ་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་ཅུས། ཟི་ལིང་འགག་སྒོ་ལས་ཁུངས། ཞིང་ཆེན་དམངས་སྤྱོད་མཁའ་འགྲུལ་ཅུས། མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སི། ཞིང་ཆེན་ཞིབ་དཔྱོད་ཁང་སོགས་སྡེ་ཚན་12དང་མཉམ་དུ་དུས་ཡུན་ཟླ་བ་གཅིག་གི“2022ལོའི་བསིལ་རླུང་བྱ་སྤྱོད”ཅེས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གཏོར་བཤིག་གི་ཁྲིམས་དང་མི་མཐུན་པའི་ཚོང་དོན་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་སྤྱོད་སྤེལ་བ་རེད།
   མཉམ་འབྲེལ་བྱ་སྤྱོད་སྤེལ་རིང་། ཞིང་ཆེན་ཡོངས་ཀྱིས་ཁྱོན་ཁྲིམས་འཛིན་རླངས་འཁོར་ཐེངས་3222དང་ཁྲིམས་འཛིན་མི་སྣ་མི་ཐེངས་24374བཏང་བ་དང་། རིགས་མི་འདྲ་བའི་གནས་23544ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་ནང་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་བྱ་ཡུལ་63དང་། མི་ཐབས་གསོ་སྤེལ་བྱ་ཡུལ་51 གཉེར་སྐྱོང་བེད་སྤྱོད་བྱ་ཡུལ་20748 སྨན་ཚོང་ཁང་103 དེ་བཞིན་ཞིབ་བཤེར་བྱ་ཡུལ་གཞན་དག་2476བཅས་ཚུད་ཡོད།