འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།རང་རྒྱལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧོན་ཤིན་གྱིས་ངོ་སྤྲོད་བྱས་པར། 2021ལོ་ཚུན་དུ། རང་རྒྱལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་བར་བརྒལ་བརྟན་པོ་བྱུང་བ་དང་། དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་མང་དུ་ཕྱིན་པ། འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་སྲུང་ཐུབ་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། ཚེས་21ཉིན་ལིའུ་ཧོན་ཤིན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་ལྔ་པའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་འབུལ་སྐབས་གོང་གསལ་གྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད།
     སྙན་ཞུ་གཞིར་བཟུང་། 2021ལོ་ཚུན་དུ་རང་རྒྱལ་གྱིས་གཙོ་གནད་ཚོགས་སྤྱིར་དམིགས་ནས་དབུལ་ལོག་སྔོན་འགོག་གི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་རོགས་སྐྱོར་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱུན་མཐུད་འབབ་འཕར་ལ་དམིགས་ནས་དབུལ་སྒྲོལ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། དབུལ་སྒྲོལ་མི་འབོར་དང་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཡུལ་མིའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་ཕྱིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་མཐོ་བ་ཡོད་པ། གཙོ་གནད་ས་ཁོངས་ལ་དམིགས་ནས་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་ལེན་སྤུས་ཚད་རྒྱུན་མཐུད་ལེགས་སུ་དང་དབུལ་སྒྲོལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཚོད་སྐོར་གྱི་ཕུང་གསུམ་པའི་ཚོད་སྐོར་གྲངས་གཞི་ལས་མངོན་པར། དབུལ་སྒྲོལ་ས་ཁུལ་གྱི་མང་ཚོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཁས་ལེན་བྱེད་ཚད་94.9%ཟིན་ཡོད།