འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་དང་དམག་དོན་འབྲེལ་གཏུག་ལ་ངོ་རྒོལ་བྱ་རྒྱུ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་ཐའེ་ཝན་དང་འབྲེལ་བའི་གནད་དོན་ཐད་དྲི་བ་བཏོན་པ་རེད། 
     ཝང་ཝུན་པིན་གྱིས། ང་ཚོས་ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་དང་དམག་དོན་འབྲེལ་གཏུག་ལ་སྔ་ཕྱི་བར་གསུམ་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་བརྩི་སྲུང་བྱས་ནས། རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་དང་དམག་དོན་འབྲེལ་གཏུག་བྱེད་མཚམས་འཇོག་པ་དང་། ཐའེ་ཝན་ལ་མཚོན་ཆ་འཚོང་མཚམས་འཇོག་པ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་པ་བཅས་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།