འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།རྒྱལ་ཁབ་འདིར་ས་ཡོམ་བྱུང་ནས་མི་1100ལྷག་རྐྱེན་ལམ་དུ་ཤོར་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རྒྱལ་ཁབ་འདིར་ས་ཡོམ་བྱུང་ནས་མི་1100ལྷག་རྐྱེན་ལམ་དུ་ཤོར་འདུག
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཐོ་རེངས་སུ། ཨ་ཧྥུ་ཀ་ནི་སི་ཐན་ཤར་རྒྱུད་དུ་ས་ཡོམ་རིམ་པ་6.2བྱུང་བ་རེད། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕ་ཙི་ཝ་ཁེ་གསར་འགྱུར་ཁང་དང་ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་སོགས་སྨྱན་སྦྱོར་གྱི་གནས་འཕྲིན་གསར་ཤོས་ལ་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་ནང་ཉུང་མཐར་ཡང་མི་1100རྐྱེན་ལམ་དུ་ཤོར་བ་དང་མི་1650ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། མིག་སྔར་མི་མི་ཉུང་བ་ཞིག་སྔར་བཞིན་ཞིག་རོའི་འོག་ཏུ་ལུས་ཡོད་པས་ཤི་རྨས་བྱུང་བའི་མི་གྲངས་སྔར་བས་མང་དུ་འགྲོ་སྲིད།
     གནས་ཚུལ་སྤེལ་བར་གཞིགས་ན། འདི་ནི་ལོ་20ནང་ཨ་ཧྥུ་ཀ་ནི་སི་ཐན་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་ཤོས་ཡིན་པའི་ས་ཡོམ་ཞིག་རེད། ཨ་ཧྥུ་ཀ་ནི་སི་ཐན་ཤར་རྒྱུད་ཀྱི་ཧོ་སི་ཐེ་ཞིང་ཆེན་ས་ཕ་ལི་ཁུལ་དང་ཕ་ཁེ་ཐི་ཁ་ཞིང་ཆེན་ཅ་ཡན་ཁུལ་དུ་གནོད་འཚེ་བྱུང་ཚུལ་དེ་བས་ཚབས་ཆེན་ཡོད། ཕ་ཁེ་ཐི་ཁ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཧྲ་ལན་གྲོང་ཁྱེར་དུ་སྨན་ཁང་དུ་རྨས་མས་ཁེངས་ཡོད། རྨས་མར་ཁྲག་སྦྱིན་སའི་བགྲོད་ལམ་ཐོག་དང་བླངས་པ་ཚོ་གྲལ་རིང་པོ་སྒྲིག་ནས་ཁྲག་སྦྱིན་པར་སྒུག་ཡོད། 
     ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་གི་ལས་ཚབ་ཙུང་ལིའི་གཞུང་དོན་ཁང་གིས་ཚེས་22ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ལས་ཚབ་ཙུང་ལི་མོ་ཧན་མོ་ཏེ•ཧ་སང•ཨ་ཧུང་ཏེས་དེ་ཉིན་སྔ་དྲོ་ཛ་དྲག་གི་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་འབྲེལ་ཡོད་སྒྲིག་གཞི་ཁག་འཕྲལ་དུ་ས་ཡོམ་ཐོན་ས་དངོས་སུ་བསྐྱོད་ནས་ཐོན་ཁུངས་ཡོད་ཚད་སྤྱད་དེ་ཚེ་སྲོག་སྐྱོབ་དགོས་པ་མ་ཟད། གནོད་འཚེ་ཐེབས་པའི་མང་ཚོགས་ལ་དགོས་ངེས་ཀྱི་རོགས་སྐྱོར་ཐུབ་ཚད་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
༄༅།།རྒྱལ་ཁབ་འདིར་ས་ཡོམ་བྱུང་ནས་མི་1100ལྷག་རྐྱེན་ལམ་དུ་ཤོར་འདུག
༄༅།།རྒྱལ་ཁབ་འདིར་ས་ཡོམ་བྱུང་ནས་མི་1100ལྷག་རྐྱེན་ལམ་དུ་ཤོར་འདུག