འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།འཆལ་རྩེད་ཀྱི་གྱོད་གཞི་དེར་དཔྱད་མཚམས་བཏང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་6ཚེས་22ཉིན། ཅི་ནན་གྲོང་ཁྱེར་ཧོའེ་དབྱིན་ཁུལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཀྲང་གོ་ཡིས་བཙན་ཤེད་ཀྱིས་འཆལ་རྩེད་བྱས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། བཙན་ཤེད་ཀྱིས་འཆལ་རྩེད་བྱས་པའི་ཉེས་པ་བསགས་པའི་ཐོག་ནས་ཞུ་སྦྱོར་ཕྱི་མ་ཀྲང་གོ་ལ་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་དྲུག་གི་ཁྲིམས་ཆད་བཅད་པ་རེད།
     ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། 2021ལོའི་ཟླ་7ཚེས་27ཉིན་གྱི་དགོང་མོར། ཀྲང་གོ་གསོལ་སྟོན་ལ་ཞུགས་སྐབས་གནོད་འཚེ་ཕོག་མཁན་ཀྲོའུ་ཆེ་གེ་མོ་ཐེངས་དང་པོར་ངོ་ཤེས་བྱུང་ཞིང་། ཀྲོའུ་ཆེ་གེ་མོ་ར་བཟི་བའི་གོ་སྐབས་དང་བསྟུན་ནས་ཟ་ཁང་མདུན་སྟེགས་ཀྱི་ཉེ་འགྲམ་དང་ཁང་པའི་ནང་དུ་ཀྲོའུ་ཆེ་གེ་མོ་ལ་བཙན་ཤེད་ཀྱིས་འཆལ་རྩེད་་བྱས་པ་རེད། ཕྱི་ཉིན་གྱི་ཆུ་ཚོད་7པ་ཙམ་ལ། ཀྲང་གོ་ཡང་ཀྲོའུ་ཆེ་གེ་མོ་སྡོད་སའི་མགྲོན་ཁང་དུ་འགྲོ་ནས་ཀྲོའུ་ཆེ་གེ་མོ་ལ་ཡང་འཆལ་རྩེད་བྱས་ཡོད་པ་རེད།
     ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀྲང་གོ་ཡིས་བུད་མེད་ཀྱི་འདོད་བློ་དང་འགལ་ནས། གནོད་འཚེ་ཕོག་མཁན་ར་བཟི་བའི་གོ་སྐབས་དང་བསྟུན་ནས་གནོད་འཚེ་ཕོག་མཁན་ལ་འཆལ་རྩེད་བྱས་པས། བྱ་སྤྱོད་དེས་བཙན་ཤེད་ཀྱིས་འཆལ་རྩེད་བྱས་པའི་བྱས་ཉེས་གྲུབ་ཡོད། གཞུང་གཏུག་ལས་ཁུངས་ཀྱིས་ཀྲང་གོ་ཡིས་བཙན་ཤེད་ཀྱིས་འཆལ་རྩེད་བྱས་པའི་ཉེས་པ་བསགས་པར་སྐྱོན་འདོན་ཞུ་གཏུག་བྱས་པའི་དོན་དངོས་ཁ་གསལ་ཡིན་པ་དང་། དཔང་རྟགས་ཁུངས་བཙན་ཞིང་ཆ་ཚང་ཡོད་པས་སྐྱོན་འདོན་ཞུ་གཏུག་གི་ཉེས་མིང་གྲུབ་པའི་ངོས་འཛིན་བྱས། ཀྲང་གོ་ལ་ཉེས་པ་ངོས་ལེན་དང་འགྱོད་བཤགས་ཀྱི་རྣམ་འགྱུར་མེད་པས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས། དེར་བརྟེན། ཁྲིམས་ཁང་གིས་གོང་གི་དཔྱད་མཚམས་བཏང་ཡོད།