འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།སྣུམ་གོང་ཡང་བསྐྱར་ལེགས་སྒྲིག་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་ནང་གི་སྣུམ་གྲུབ་མའི“རེས་སྐོར་བཅུ་གཉིས་པའི”རིན་གོང་ལེགས་སྒྲིག་དེ་ཟླ་6ཚེས་28ཉིན་གྱི་དགོང་མོར་འགོ་ཚུགས་རྒྱུ་རེད། མིག་སྔར་བསྡོམས་རྩིས་ཀྱི་དུས་འཁོར་ཕྱེད་ཀ་ལྷག་ཟིན་པ་དང་མ་བཅོས་རྡོ་སྣུམ་གྱི་འགྱུར་ལྡོག་བྱུང་ཚད་-2.52%ཟིན་ནས་ཏུན་རེར་སྒོར་135བར་བཅག་ཡོད། གལ་ཏེ་དུས་མཇུག་ཏུ་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཚེ་རེས་སྐོར་འདིར་སྣུམ་གོང་ཆག་ཐུབ་པའི་གོ་སྐབས་ཡོད། 
     ཟླ་6ཚེས་21ཉིན། ལས་ཞག་ཉིན་ལྔ་པར། སྔོན་དཔག་བྱས་ན་ཁྱོན་བསྡོམས་གཅོག་ཚད་ཏུན་རེར་སྒོར་135ཡིན་པ་དང་། ཕབ་རྩིས་བྱས་ན་ཧྲེང་རེར་སྒོར་0.10ནས་0.12བར་ཡིན། སྣུམ་གོང་ལེགས་སྒྲིག་གི་དུས་ཚོད་ནི་2022ལོའི་ཟླ་6ཚེས་28ཉིན་གྱི་ཆུ་ཚོད་24ཡིན།
     ད་ལོ་ནས་བཟུང་། རྒྱལ་ནང་གི་སྣུམ་གྲུབ་མའི་རིན་གོང་ལེགས་སྒྲིག་ཐེངས་11བྱས་པ་དེའི་ནང་ལེགས་སྒྲིག་ཐེངས་10ཡི་སྣུམ་གོང་འཕར་བ་དང་། ལེགས་སྒྲིག་ཐེངས་1ཆག་ཡོད། ཉེ་ཆར་ལེགས་སྒྲིག་ཐེངས་གཅིག་བྱས་པ་དེ་ཟླ་6ཚེས་14ཉིན་གྱི་ཆུ་ཚོད་24ཡིན་པ་དང་། རྒྱལ་ནང་གི་རླངས་སྣུམ་རིན་གོང་ཏུན་རེར་སྒོར་390འཕར་བ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར་375འཕར་ཡོད་པ་རེད།