འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།དོགས་ཟོན་བྱ་དགོས། ནད་འདི་ཡ་གླིང་ལ་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། སིང་ཀ་ཕོར་འཕྲོད་བསྟེན་པུས་ཟླ་6ཚེས་21ཉིན་སིང་ཀ་ཕོར་དུ་སྤྲེའུ་འབྲུམ་ཕྱི་ནས་ནང་ལ་ཡོང་བའི་ནད་དཔེ་ཐོག་མ་ཤེས་རྟོགས་བྱུང་ཡོད་ཅེས་བཤད་པ་རེད། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དེ་ནི་ལོ་42ཅན་གྱི་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་སྐྱེས་པ་ཞིག་ཡིན་པ་དང་། དེ་ནི་གནམ་གྲུའི་ནང་སྡོད་མཁན་ཞིག་ཡིན་ཞིང་། མིག་སྔར་སིང་ཀ་ཕོར་རྒྱལ་ཁབ་འགོས་ནད་ལྟེ་གནས་སུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།      འཕྲོད་བསྟེན་པུའུ་ཡིས་འབྲེལ་གཏུག་དམ་ཟབ་བྱེད་མཁན་13གྱི་རྗེས་འདེད་ཟིན་པ་དང་། དེར་ཉིན་21རིང་ལོགས་སུ་བཀར་ནས་ལྟ་ཞིབ་བྱ་རྒྱུ་རེད།
     འཕྲོད་བསྟེན་པུའི་འབྲེལ་ཡོད་མི་སྣས་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་དེ་ཟླ་6ཚེས་15ནས་ཚེས་17ཉིན་བར་སིང་ཀ་ཕོར་དུ་གནས་སྡོད་བྱས་པ་དང་། ཚེས་19ཉིན་སིང་ཀ་ཕོར་དུ་སླར་ཡང་ཡོང་བ་དང་འབྲེལ་ཚེས་20ཉིན་སྤྲེལ་འབྲུམ་ནད་གཏན་འཁེལ་བྱས་པ་དང་མིག་སྔར་གནས་ཚུལ་བརྟན་པོ་རེད་ཅེས་བཤད་པ་རེད།
     ཁོ་རེ་ཡའི་རིམས་འགོག་སྡེ་ཁག་གིས་ཟླ་6ཚེས་21ཉིན་བརྡ་ཁྱབ་བཏང་བའི་ནང་། ཁོ་རེ་ཡའི་ཉིན་དེར་སྤྲེལ་འབྲུམ་གྱི་དོགས་ཡོད་ནད་པ་ཞིག་རེན་ཁྲོན་རྒྱལ་སྤྱིའི་གནམ་ཐང་ནས་ཁོ་རེ་ཡར་ཐོན་པ་དང་། དོགས་ཡོད་ནད་པ་དེ་ཉིན་དེའི་དགོང་མོའི་ཆུ་ཚོད་21དང་སྐར་མ་40ཙམ་ལ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་རེད།
     ཁོ་རེ་ཡའི་རིམས་ནད་དོ་དམ་ཐིང་གིས་ཟླ་5ཚེས་31ཉིན་སྤྲེལ་འབྲུམ་གྱི་ཉེན་ཟོན་ཉེན་བརྡའི་རིམ་པ་དེ“དོ་ཁུར”གྱི་རིམ་པར་སྤོར་རྒྱུ་མ་ཟད། སྤྲེལ་འབྲུམ་ཁྲིམས་བཀོད་འགོས་ནད་གཉིས་པར་གཏན་འཁེལ་བྱས་ནས། དོགས་ཡོད་ནད་དཔེ་ཡར་ཞུ་དང་རིམས་ནད་རིག་པའི་བརྟག་དཔྱད་བྱེད་པ། སྨན་བཅོས་སྒྲིག་གཞི་དམིགས་འཛུགས་བྱེད་པ། ལོགས་སུ་བཀར་ནས་ཁ་གཏད་གཅོག་པ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུའི་གཏན་འཁེལ་བྱས།