འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅༎།ཨ་རིར་རི་མེ་ཤོར་ནས་ས་ཆ་སྤྱི་ཆིང་3000མེར་བསྲེགས་ཐེབས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎།ཨ་རིར་རི་མེ་ཤོར་ནས་ས་ཆ་སྤྱི་ཆིང་3000མེར་བསྲེགས་ཐེབས་པ།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིའི་ས་ཆ་མང་པོར་ཚ་རླབས་བྱུང་ནས། རི་མེ་དང་ཆུ་ལོག་སོགས་རང་བྱུང་གནོད་འཚེ་ཡང་ཡང་ཐོན་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཚེས་19ཉིན། ཤིན་ཙེ་ཤིས་མངའ་སྡེའི་ལྷོ་རྒྱུད་དུ་རི་མེ་ཐོན་བ་རེད། མིག་སྔར་རི་མེ་ཆེན་པོ་དེས་ས་ཆ་སྤྱི་ཆིང་2914ཙམ་མེར་བསྲེགས་བཏང་བ་དང་། མི་སྣ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་བའི་སྙན་ཞུ་འབྱོར་མེད། ས་གནས་དེ་གའི་མེ་ཟོན་སྡེ་ཚན་གྱིས་རི་མེ་དེ་དང་ཐོག་གཞི་ཁྱོན་ཆེན་པོ་མེད་མོད། འོན་ཀྱང་སྐམ་ཤས་ཆེ་བའི་གནམ་གཤིས་དང་རླུང་ཤུགས་ཀྱི་སྐུལ་འདེད་འོག་རི་མེ་མགྱོགས་མྱུར་ཁྱབ་པ་དང་ས་ཆ་མང་པོར་འཇིགས་སྐུལ་ཕོག་ཡོད་ཅེས་བཤད་པ་རེད། རི་མེ་བྱུང་བའི་ཞིབ་ཕྲའི་རྒྱུ་རྐྱེན་མིག་སྔར་གསལ་པོ་ཤེས་ཀྱི་མེད།
   ཉེ་ཆར་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་རང་བྱུང་གནོད་འཚེ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་བཏང་ནས། གནམ་གཤིས་སྔོན་བརྡ་དང་དེ་བཞིན་ས་གནས་དེ་གར་སྤེལ་བའི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དང་ཁ་གཏད་གཅོག་པའི་ཕྱོགས་སྟོན་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།