འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་22ཉིན།

༄༅།།མཚོ་སྔོན་གྱི་ས་ཆ་འདིར་མེ་རིའི་ཀ་དབྱིབས་བྲག་རྡོ་འདི་འདྲ་ཞིག་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་གྱི་ས་ཆ་འདིར་མེ་རིའི་ཀ་དབྱིབས་བྲག་རྡོ་འདི་འདྲ་ཞིག་འདུག
    མི་དམངས་དྲར་བའི་འཕྲིན། དུར་ལམ་རྫོང་གི་མེ་རིའི་ཀ་དབྱིབས་བྲག་རྡོ་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་དང་ཁྱད་ཆོས་མངོན་གསལ་དོད་ཤོས་ཀྱི་མེ་རིའི་ཀ་དབྱིབས་བྲག་རྡོ་ཡིན་པ་དང་། ཡིད་དབང་འགུག་པའི་གཏམ་རྒྱུད་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་གཤིས་རང་བྱུང་མཛེས་ལྗོངས་མང་པོ་གཅིག་ཏུ་འདུས་པས། མཛེས་དཔྱོད་རིག་པའི་རིན་ཐང་དང་ཚན་ཞིབ་རིན་ཐང་གཉིས་ཀ་ལྡན་ཡོད། ད་བར་ལོ་དུང་ཕྱུར་2.2ཀྱི་གོང་གི་རང་བྱུང་མཛེས་ལྗོངས་ཀྱི་རྣམ་པ་ཅུང་ཆ་ཚང་བའི་སྒོ་ནས་སོར་འཇོག་བྱས་ཡོད་པ་དང་། རང་བྱུང་ཁམས་ལ་སྔར་ནས་ཡོད་པའི་དྭངས་གཙང་གི་མཛེས་པ་དང་། ཡངས་ཤིང་རྒྱ་ཆེ་བ། ཚོན་མདངས་ཀྱི་མཛེས་པ། འགུལ་རྣམ་གྱི་མཛེས་པ་སོགས་རང་བྱུང་མཛེས་ལྗོངས་སྣ་ཚོགས་རང་སོར་བཞག་ཡོད་པས། དེ་ནི་དུར་ལམ་རྫོང་གི་གསར་སྤེལ་རིན་ཐང་དང་ལྟ་སྐོར་རིན་ཐང་ལྡན་པའི་ཡུལ་ལྗོངས་ཀྱི་གྲས་ཤིག་ཡིན།
【1】  【2】
༄༅།།མཚོ་སྔོན་གྱི་ས་ཆ་འདིར་མེ་རིའི་ཀ་དབྱིབས་བྲག་རྡོ་འདི་འདྲ་ཞིག་འདུག