འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་22ཉིན།

༄༅།།བོད་ལྗོངས་ལྷ་སར་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་15ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ལོའི་ཟླ་5པའི་བར་ལྷ་སར་དངོས་ཡོད་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་15ལས་བརྒལ་བ་དེ་དུས་མཚུངས་ལས་22%འཕར་ནས་བོད་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་བ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་10ལས་བརྒལ་བ། གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོད་པ་རེད།
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་དམིགས་པ། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བཅས་བྱ་ཆེད། འདི་ལོ་ཚུན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འབྲེལ་ཡོད་སྲིད་ཇུས་སྔ་རྗེས་སུ་བཏོན་ཏེ་བྱ་ཐབས་སྣ་མང་མཉམ་སྤྱོད་དང་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད། འདི་ལོའི་ཟླ་5པའི་བར་ལྷ་སར་དངོས་ཡོད་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་15ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་22%འཕར་ནས། བོད་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་བ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་10ལྷག་ཙམ་ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གཉེར་སྐྱོང་བྱ་ཡུལ་གྱི་ཁས་ལེན་ལམ་ལུགས་ལག་ལེན་བསྟར་བ་དང་། ཆད་རུང་སྒྲུབ་གཉེར་ལག་བསྟར་བྱས་པ། “རྒྱལ་ཡོངས་ཀྱི་གསལ་ཐོ་གཅིག”མཐའ་འཁྱོངས་བྱེད་པ། “དྲ་ཐོག་ནས་སྒྲུབ་གཉེར་དང་ངོ་འཕྲད་མི་བྱེད་པ”བཅས་ལ་བརྟེན་ནས་ཁེ་ལས་གཉེར་ཡུན་ལས་ཀའི་ཉིན་གཉིས་བར་ཐུང་དུ་བཏང་ཡོད། ཕྱོགས་ཡོངས་ནས་ལས་མཚམས་འཇོག་པའི་ཐོ་འགོད་སྙན་སེང་ཞུ་བ་དང་ཆོག་འཐུས་ཚད་གཞི་སླར་ཡང་དམའ་རུ་བཏང་སྟེ། སྔོན་གྲབས་ཐུམ་སྒྲིལ་གྱི་བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་ཞིབ་མཆན་བསྒྱུར་རྒྱུ་ཐོ་འགོད་དུ་བྱས་ནས་ཉེན་ཁ་ཆུང་བའི་རིགས་གཉིས་པའི་སྨན་བཅོས་ཡོ་བྱད་གཉེར་སྐྱོང་བྱེད་པར་ཐོ་འགོད་སྙན་སེང་ཐད་ཀར་མེད་པར་བཟོ་བ་དང་། སོལ་རླངས་དམ་བའི་རྒྱོང་བའི་ཆོག་འཐུས་ལག་ཁྱེར་གྱི་དུས་བཀག་ཐིམ་རྗེས་ཞིབ་དཔྱད་བྱེད་མི་དགོས་པར་ཐད་ཀར་བརྗེ་བ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་ཆབས་ཅིག དེ་བས་ཕྱིར་འཐེན་བྱེད་བདེ་རུ་ཕྱིན་ནས་སྟབས་བདེའི་ཐོ་ཁོངས་ནས་བསུབ་པའི་ལམ་སྲོལ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་སྤྱི་བསྒྲགས་ཀྱི་དུས་ཚོད་ཉིན་45ནས་ཉིན་20བར་ཐུང་དུ་བཏང་ཡོད།
   དེ་དང་ཆབས་ཅིག་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤེས་བྱའི་བདག་དབང་ལས་ཚབ་ལས་རིགས་ཀྱི“དགུང་སྔོན”ཆེད་དོན་བཅོས་སྒྲིག་ལ་བརྟེན་ནས་ཁེ་བེད་བདག་ཐོབ་དང་ཚོང་རྟགས་ལས་ཚབ་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། ཁེ་ལས་ཀྱིས་སྒྲིག་འགལ་ངང་གྲོན་དངུལ་གང་བྱུང་དུ་བསྡུ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་ཆུ་གློག་རླངས་སོགས་ཀྱི་གྲོན་དངུལ་གཅོག་པའི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་དང་། ཕྱོགས་གསུམ་པ་སྒྲིག་འཛུགས་བྱས་ནས་དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱས་ཏེ་སྲིད་གཞུང་གིས་བཏོན་པའི་ཁྲོམ་རའི་བྱེད་པོའི་དཔལ་འབྱོར་བྱེད་སྒོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་བྱ་ཐབས་ལ་ཞིབ་བཤེར་གཏན་འབེབས་བྱེད་པ། ལུགས་དང་མི་མཐུན་པའི་འགྲན་རྩོད་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོར་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བཏོད་ཡོད། དེ་དང་ཆབས་ཅིག་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་གསར་པ་བཅས་ཀྱི་ཁྲོམ་རའི་བྱེད་པོར“བསྟུན་མཁས”ཀྱི་ལྟ་འདོམས་བྱེད་པ་དང་། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁེ་ལས་ཀྱི་ཡིད་རྟོན་སླར་གསོ་ཡོང་བར་བྱས་པ་རེད།