༄༅།།“རིམ་འདས་སའི་གོ་ལ”ཞིག་རྙེད་པ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 06ཚེས་21ཉིན། 15:43】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་NASAཡིས་ཁོང་ཚོའི་“ཐའེ་སི”རྟགས་ཅན་གྱི་རྒྱུ་སྐར་ཕྱི་མ་འཚོལ་ཞིབ་ཡོ་བྱད་ཅིག་གིས་སའི་གོ་ལ་དང་འོད་ལོ་31ཙམ་གྱི་བར་ཐག་ཏུ་ཡོད་ས་ནས་མིའི་རིགས་འཚོ་སྡོད་རུང་བའི་རྒྱུ་སྐར་ཞིག་ཤེས་རྟོགས་བྱུང་བ་མ་ཟད། དེ་ལ“རིམ་འདས་སའི་གོ་ལ”ཞེས་མིང་བཏགས་ནས་ཁྱབ་བསྒྲགས་བྱས་པ་རེད། དེའི་སྤུས་ཚད་ནི་མ་མཐར་ཡང་སའི་གོ་ལའི་ལྡབ་6.1ཡོད་ཅིང་། ཉི་མ་ལས་ཧ་ཅང་ཆུང་བའི་བརྟན་སྐར་ཞིག་ལ་བསྐོར་ནས་འཁོར་སྐྱོད་བྱེད་པ་དང་། ཉིན་55.7རེར་མ་སྐར་བསྐོར་ནས་སྤྱི་འཁོར་རེ་བྱེད་བཞིན་ཡོད།
མིག་སྔར་ཚན་རིག་པ་རྣམས་ཀྱིས་ད་དུང་རྒྱུ་སྐར་དེའི་རླུང་ཁམས་ཆེན་པོའི་བང་རིམ་གྱི་མཐུག་ཚད་ངོས་འཛིན་ངེས་གཏན་བྱས་མེད། གལ་ཏེ་རྒྱུ་སྐར་དེར་རླུང་ཁམས་ཆེན་པོའི་བང་རིམ་མཐུག་པོ་ཡོད་ན། སའི་གོ་ལ་དང་འདྲ་བར་ཕྱི་ངོས་སུ་ཚ་ཚད་འདང་ངེས་འཛིན་ཐུབ་པ་མ་ཟད། གཤེར་གཟུགས་ཆུ་ཡང་གསོག་ཐུབ་པས། “སའི་གོ་ལ་དང་འདྲ་བའི་འཚོ་སྡོད་ལ་འཚམ་པའི་ཆ་རྐྱེན་ལྡན”པའམ་ཡང་ན་ཚེ་སྲོག་འཚོ་གནས་གསོ་སྐྱོང་ཐུབ་པའི་“རིམ་འདས་སའི་གོ་ལ་”རུ་འགྱུར་སྲིད།