འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་21ཉིན།

༄༅།།ཚད་ལོན་མེད་པའི་སྨན་རྫས་འདི་དག་ལ་གཟོབས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་21ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཚད་ལོན་མེད་པའི་སྨན་རྫས་འདི་དག་ལ་གཟོབས།
     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཧྥུའུ་ཅན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་སྤུས་ཚད་ཞིབ་དཔྱད་ཞིབ་འཇུག་ཁང་སོགས་སྨན་རྫས་ཞིབ་བཤེར་སྒྲིག་གཞི་8ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། ཀོང་ཞི་ཅིན་སེང་ཙི་སྨན་རྫས་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་9ཡིས་ཐོན་སྐྱེད་བྱས་པའི་བྱིས་པའི་ཆམ་ནད་ཀྱི་སྨན་རྫས་སོགས་སྨན་རྫས་ཁག་10གཏན་འབེབས་དང་མཐུན་གྱི་མེད་པ་རེད། ད་ལྟ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བྱ་རྒྱུ་གཤམ་གསལ།
     གཅིག ཧེ་ལུང་ཅང་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་ཧྥུའུ་ཡོན་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཨ་ཏཱ་ཕ་ལིན་དཀག་སྤྱིན་ཁག་དང་པོ་དེ་གཏན་འབེབས་དང་མཐུན་གྱི་མེད་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་pHགྲངས་ཚད་ཡིན།
ཡུན་ནན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཞིབ་དཔྱད་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་རུང་ཁང་ཚོགས་པའི་ཀོང་ཞི་ཁང་དབྱི་སྨན་བཟོ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཨ་བི་ཁ་གློ་སྨན་ཁག་དང་པོ་དེ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་འཇུག་ཚད་ཡིན། 
     ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ཞིབ་བཤེར་སུའོ་ཡིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་ཅང་ཞི་ཧྲན་ཀའོ་སྨན་བཟོ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཏོག་རྩ་འཇགས་བྱེད་ཁག་དང་པོ་དེ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་ལྗིད་ཚད་ལ་ཧེ་བག་ཡོད་པས་ཡིན།
ཧྥུའུ་ཅན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་སྤུས་ཚད་ཞིབ་དཔྱད་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་ཀོང་ཞི་ཅིན་སེང་ཙི་སྨན་རྫས་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་བྱིས་པའི་ཆམ་ནད་ཀྱི་རིལ་བུ་ཁག་གཉིས་པ་དེ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་གསལ་འབྱེད་ཡིན།
     ཧུའུ་ནན་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་སི་ཁྲོན་ཧྥེང་ཁྲུན་སྨན་བཟོ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་གཡེར་གྲོ་མངར་སོའི་རིལ་བུ་ཁག་དང་པོ་དེ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་ཚད་འཇལ་གཏན་འཁེལ་ཡིན།
     མཚོ་སྔོན་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཚད་ལེན་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་གྲུབ་ཐོབ་རིལ་དཀར་ཁག་དང་པོ་དེ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་རྣམ་པ་དང་ལྗིད་ཚད་ཀྱི་ཧེ་བག་ཡིན།
     སི་ཁྲོན་ཞིང་ཆེན་སྨན་རྫས་ཞིབ་དཔྱད་ཞིབ་འཇུག་ཁང(སི་ཁྲོན་ཞིང་ཆེན་སྨན་བཅོས་ཡོ་བྱད་ཞིབ་དཔྱད་ལྟེ་གནས)གིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་པའོ་ཀྲོའུ་གྲོང་ཁྱེར་ཚི་ཅི་ཐང་ཀྲུང་ལུགས་སྨན་རྫས་བཏུང་སྨན་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་འོལ་མོ་སེ་དམར་པོ་ཁག་དང་པོ་དེ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་རྣམ་པ་རེད།
     ཀན་སུའུ་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། མཚོན་རྟགས་ནི་པེ་ཧའེ་ནེང་ཞིན་ཀྲུང་ལུགས་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སིས་ཐོན་སྐྱེད་བྱས་པའི་བཙོད་ཁག་དང་པོ་དེ་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་རྣམ་པ་དང་གསལ་འབྱེད་རེད།
     གཉིས། གོང་གསལ་གཏན་འབེབས་དང་མི་མཐུན་པའི་སྨན་རྫས་ལ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ཁེ་ལས་དང་སྡེ་ཚན་ལ་གནས་སྐབས་ཕྱིར་འཚོང་དང་བེད་སྤྱོད་དང་ཕྱིར་སྡུད་སོགས་ཀྱི་ཉེན་ཁ་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་པ་དང་། གཏན་འབེབས་དང་མི་མཐུན་པའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་པ་མ་ཟད་དག་ཐེར་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 
     གསུམ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས》གཞིར་བཟུང་། གོང་གསལ་ཁེ་ལས་དང་སྡེ་ཚན་ལ་གནས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཐོ་འགོད་བརྟག་དཔྱད་བྱ་རྒྱུ་དང་འབྲེལ་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་བྱས་འབྲས་ཡོངས་བསྒྲགས་བྱ་རྒྱུའི་བླང་བྱ་བཏོན།