༄༅།།“རྒྱལ་ཁབ་སྟོབས་ཆེན་གྱི་གློག་སྒུལ་སྦག་སྦག”ས་མཐོའི་ཚོང་གྲོང་རྔ་པ་རྫོང་དུ་སྤྱོད་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 06ཚེས་21ཉིན། 10:07】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་རྔ་པ་རྫོང་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་15ཉིན། “སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་ལས་སྟེགས་དང་སུང་གོ་འགྲོ་སྐྱོད་ཀྱིས་མཉམ་དུ་བཏོད་པའི“རྒྱལ་ཁབ་སྟོབས་ཆེན་གྱི་གློག་སྒུལ་སྦག་སྦག”ས་མཐོའི་ཚོང་གྲོང་རྔ་པ་རྫོང་དུ་ཐོག་མར་སྤྱོད་འགོ་ཚུགས་ཤིང་། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”བརྒྱུད་APPབརྟག་བཤེར་བྱས་ནས“རྒྱལ་ཁབ་སྟོབས་ཆེན་གྱི་གློག་སྒུལ་སྦག་སྦག”བེད་སྤྱོད་བྱེད་ཆོག་པ་དང་། ཏང་འཛུགས་སྐྱོང་གི་སློབ་སྦྱོང་ལ་ཤུགས་སྣོན་དང་དུས་མཚུངས་བྱ་སྤྱོད་ངོ་མའི་ཐོག་ནས་ལྗང་མདོག་ཐཱན་ཉུང་ངང་འགྲོ་སྐྱོད་བྱེད་རྒྱུ་དར་སྤེལ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།“རྒྱལ་ཁབ་སྟོབས་ཆེན་གྱི་གློག་སྒུལ་སྦག་སྦག”གིས་མཉམ་སྤྱོད་གློག་སྒུལ་སྦག་སྦག་གཞི་རྟེན་དུ་བྱས་ནས། སྦག་སྦག་ཐོག“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་མཚོན་རྟགས་སྦྱར་ཡོད། དེ་རྗེས་རྩ་གཉིས་ཨང་རྟགས་ཕབ་ལེན་བྱས་ཏེ“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་APPརྟགས་བཤེར་བྱས་ནས“རྒྱལ་ཁབ་སྟོབས་ཆེན་གྱི་གློག་སྒུལ་སྦག་སྦག”སྤྱོད་ཆོག་པ་དེ་ནི་དམངས་ཉེའི་བྱེད་ཐབས་སྤྱད་ནས་ཞིང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱོད་པ་ཞིག་རེད། “རྒྱལ་ཁབ་སྟོབས་ཆེན་གྱི་གློག་སྒུལ་སྦག་སྦག”གིས་ད་དུང་བེད་སྤྱོད་གཏོང་མཁན་ལ་ཕན་བདེ་སྐྲུན་ཡོད། གྲོང་མིས་ཐད་ཀར“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་APPརྟགས་བཤེར་བྱས་ནས་གློག་སྒུལ་སྦག་སྦག་བེད་སྤྱོད་བྱེད་ཆོག་ལ། ད་དུང“རྒྱལ་ཁབ་སྟོབས་ཆེན་གྲོང”སྤྱད་ནས་རིན་མེད་ངང་གློག་སྒུལ་སྦག་སྦག་གཏོང་ཆོག་པའི་གཟིགས་སྐྱོང་བྱང་བུ་བེད་སྤྱོད་བྱེད་ཆོག་པ་དང་། “སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”ལ་མང་ཚོགས་དང་དེ་བས་ཉེ་བཅར་གྱི་དྲིལ་བསྒྲགས་སྐར་ཁུང་མཁོ་འདོན་བྱས་ཡོད་ལ། མང་ཚོགས་ཀྱིས་ཐཱན་ཉུང་འགྲོ་སྐྱོད་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་སློབ་སྦྱོང་དང་འཚོ་བ་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱུང་ཡོད།